//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཐུན་མིན་གསོ་ཐབས། > གཏར་གའི་གསོ་ཐབས། > གཏར་གའི་ཆ་བྱད། > ནང་དོན།

གཙགས་བུ་ཆུ་གྲི་འདྲ་བ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-04-20 11:04:00 ཀློག་གྲངས། 29 

མིང་གཞན། སྐྲང་སྟེང་གཞལ་བའི་ཆུ་གྲི།

ཆ་བྱད་ཀྱི་རྒྱུ། ལྕགས་བཟང་ངར་དང་ལྡན་པ།

ཆ་བྱད་ཀྱི་སྡེ། ཤ་འདྲལ་ཁྲག་དབྱུང་གཙགས་བུའི་ཆ་བྱད་ཀྱི་སྡེ།

དབྱིབས་ཚད། དབྱིབས་ཆུ་གྲི་ཞེས་སྤུ་གྲི་དང་འདྲ་བར་གསུངས་པའང་ཡོད་ལ་འདིར་གོང་གི་གཞང་འབྲུམ་གཅོད་པའི་ཀྱོང་བུ་དང་ཅུང་ཟད་འདྲ་ནའང་མགོ་དེ་ལས་ཅུང་ཆེ་བ་ཡིན་ལ་འདིའི་ཡུ་བའང་གླིང་བཞི་ལག་པས་འཛིན་བདེ་བ་ཡིན་ན་ལེགས་ཤིང་སྲིད་དུ་སོར་དྲུག་ཡོད།

སྤྱོད་སྒོ། འབྲས་དང་སྐྲངས་པའི་རིགས་ལ་སྣུམ་འཆོས་དང་དུགས་སོགས་བྱས་ནས་སྙི་བར་གྱུར་བ་རྣམས་ལ་སྤྱོད།

ཕན་ནུས། འབྲས་སྐྲན་གྱི་སྟེང་དུ་དྲས་པའི་བུ་ག་གང་རུང་ལས་དེ་རྣམས་ཀྱི་ངོ་བོར་གནས་པའི་ནད་རོ་ཕྱིར་འདོན་པར་ནུས་པ་དང་། ལྟག་རྩ་ལྟ་བུ་འཕར་རྩ་དང་ཆུ་རྩ་སུམ་གཤིབ་ཏུ་གནས་པ་གཏར་བ་ལ་འདི་ཤིན་ཏུ་བསྔགས་ཤིང་གཉའ་རེངས་དང་ཆུ་རྒྱུས་ཆད་པས་ལྟག་འགྱེད་འགྲོ་བ་སོགས་ལ་ཕན།

བཀོལ་སྟངས། སྔ་མ་འབྲས་འདོན་པའམ་བཤིག་པར་བྱ་བའི་ཆེད་དུ་ཞལ་ཞལ་ཞེས་ཕྱིའི་པགས་པ་རལ་བ་ཙམ་གྱིས་ནད་རོ་རྣམས་བུ་གའི་ཕྱོགས་སུ་འདེད་པ་ཡིན། ཡང་ཕྱི་མ་རྩ་དེ་ལྟ་བུ་ལ་ཉིས་ལེན་བྱ་བའམ་ཡང་ན་རྩ་སྟེང་ཐིག་གདབ་སྟེ་ཆུ་གྲིའི་ཁ་གྱེན་དུ་བསྟན་ནས་གཏར་བའི་རྗེས་མེ་བཙའ་གདབ་ནས་ཁྲག་གཅོས་དགོས་པར་གསུངས།

X