//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཐུན་མིན་གསོ་ཐབས། > གཏར་གའི་གསོ་ཐབས། > གཏར་གའི་ཆ་བྱད། > ནང་དོན།

གཙགས་བུ་སྟ་རེ་ཁ་འདྲ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-04-20 11:02:04 ཀློག་གྲངས། 44 

མིང་གཞན། སྟ་རེ་ཁ།

ཆ་བྱད་ཀྱི་རྒྱུ། ལྕགས་བཟང་རྣོ་ངར་ཅན།

ཆ་བྱད་ཀྱི་སྡེ། ཤ་འདྲལ་ཁྲག་དབྱུང་གཙགས་བུའི་ཆ་བྱད་ཀྱི་སྡེ།

དབྱིབས་ཚད། རྐང་ཟླུམ་པ་དང་ལེམ་མོ་གང་ཡང་རྐེད་དུ་ལག་པས་འཛིན་བདེ་ཞིང་མི་འགྱུར་བའི་འདབས་མ་དང་ལྡན་པར་རྩེ་མོ་སྟ་རེའི་ཁ་འདྲ་བ་ལ་རིང་ཐུང་སྲིད་སོར་དྲུག་ཡོད།

སྤྱོད་སྒོ། རུས་སྟེང་དུ་གནས་པའི་རྩ་རྣམས་ཏེ་དཔྲལ་རྩ་དང་གསེར་མདུང་དངུལ་མདུང་ལྟ་བུ་གཏར་བ་ལ་སྦྱོར།

ཕན་ནུས། གཏར་གནས་རུས་པའི་སྟེང་ཤ་རྔམས་སྲབ་པའི་རྩ་རྣམས་ལ་བརྡེག་པས་གཙགས་བུ་གཞན་ལས་ཤིན་ཏུ་མགྱོ གས་པའི་དགེ་མཚན་ལྡན།

བཀོལ་སྟངས། ཆ་བྱད་གཞན་རྣམས་སྨན་པའི་ལག་གཡས་ཀྱིས་བཟུང་ནས་སྤྱོད་པ་ཡིན་ལ་འདི་གཡོན་གྱི་མཐེབ་མཛུབ་གཉིས་ཀྱིས་ཡུ་བ་ནས་བཟུང་སྟེ་ཆ་བྱད་ཀྱི་ཁ་དེ་གཏར་གནས་ལ་མ་རེག་ཙམ་གྱི་གནས་སུ་ཆ་བྱེད་བརྟན་ལ་ཡུ་བའི་འཛིན་ཤུགས་ཅུང་ལྷོད་པར་བྱེད། ལག་གཡས་ཀྱི་གོང་མཛུབ་ཀྱིས་ཇི་ལྟར་འོས་པའི་བེམ་ཏོག་གིས་ཆ་བྱེད་སྟ་རེ་ཁའི་ཕྱི་ལྟག་ལ་བཏབ་པས་ཆོག   སྤྱིར་བཏང་རྩའི་སྒལ་སྟེང་ནས་གཞུང་དུ་གཤགས་པ་ཞེས་སྒང་གཤགས་བྱ་བ་དང་ཁྲག་ཅིས་ཀྱང་མ་ཆོད་ན་རུས་སྟེང་གི་རྩ་སྟེ་དཔྲལ་རྩ་ལྟ་བུ་ལ་རྐང་མཐིལ་དུ་མེ་བཙའ་བྱ་བ་དང་རྩ་གཞན་རྣམས་ལའང་དེ་འདྲ་བྱུང་ཚེ་མེ་ཡིས་སྡོམ་པ་སོགས་ཀྱང་བྱེད།

X