//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཐུན་མིན་གསོ་ཐབས། > ཐུར་མའི་གསོ་ཐབས། > ནང་དོན།

མདུང་རྩེ་སོ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-04-20 10:45:29 ཀློག་གྲངས། 21 

ཆ་བྱད་ཀྱི་རྒྱུ། ཟངས་ལྕགས་གང་བདེར་བྱ།

ཆ་བྱད་ཀྱི་རིགས། སྦུབས་མེད་ཀྱི་ཐུར་མ།

དབྱིབས་ཚད། རྩེ་ཞབས་སྦོམ་ཕྲ་མེད་པར་སྲིད་སོར་དྲུག་ཡོད་ལ་རྩེ་མོ་མདུང་གི་སོ་ལྟར་དབལ་དང་ལྡན་ཞིང་རྣོ་ངར་ཡོད་པ།

སྤྱོད་སྒོ། ཡན་ལག་གི་ཆུ་སེར་དང་རྣག་གསང་རྣམས་སུ་སྦྱོར་བར་བྱ།

ཕན་ནུས། ཡན་ལག་གི་རྣག་དང་ཆུ་སེར་ལ་འཕང་ནས་དེ་རྣམས་ཕྱིར་འདྲེན་པར་ནུས།

བཀོལ་སྟངས། ལུས་ཀྱི་ཆོ་ག་གང་བདེར་བྱས་ཤིང་སྤྱིའི་བརྡེག་ཐབས་དང་ལག་ཚོད་རྣམས་རིམ་བཞིན་སེམས་ལ་ངེས་པར་བྱས་ཏེ་རྣག་དང་ཆུ་སེར་རྣམས་ཅུར་ལ་འབྱིན་པར་བྱ་དགོས་ཤིང་། དེ་ཡང་ལག་ལེན་ཞིབ་པར་གོང་བཞིན་དུ་བྱ།

X