//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཐུན་མིན་གསོ་ཐབས། > ཐུར་མའི་གསོ་ཐབས། > ནང་དོན།

ཟངས་ཐུར་བྲ་བོ་ཁ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-04-20 10:37:53 ཀློག་གྲངས། 19 

ཆ་བྱད་ཀྱི་རྒྱུ། གསེར་ཟངས་ར་གན་གསུམ་གང་རུང་དུ་གསུངས།

ཆ་བྱད་ཀྱི་རིགས། སྦུབས་མེད་ཀྱི་ཐུར་མ།

དབྱིབས་ཚད། སྲིད་དུ་སོར་དྲུག་རྩེ་མོ་བྲ་བོའི་དབྱིབས་དང་འདྲ་བ་འདི་རང་མིག་ཐུར་ཡིན་པས་ན་རྩེ་མོའི་སྲིད་དུ་མཐོང་བྱེད་རྒྱལ་མོ་གཅིག་གི་དཀྱུས་ཚད་དང་ཞེང་ལ་དེ་ཡི་ཕྱེད་ཙམ། ཐུར་མགོ་དང་ཡུ་བའི་སྐེ་མཚམས་སུ་གྲོའི་མགྲིན་པ་སྟེ་སྙེ་མ་འདོགས་མཚམས་འབྲིང་བོའི་ཚད་ཙམ་ཡོད་པ། དེ་ནས་གཞལ་བའི་ཚོན་དོ་འདས་མཚམས་སུ་མིག་མཚོ་ཆེ་ཆུང་ལ་ལྟོས་པའི་རི་མོའི་ཉ་ག་གསུམ་རིམ་པར་བཏོད་ཅིང་། ལག་པས་བཟུང་ས་རུ་གླིང་བཞི་དང་ལྡན་པ་ཡིན།

སྤྱོད་སྒོ། མིག་སྤྲིན་དབུག་ནས་བར་འགྲིབས་བསལ་བའི་ཆོ་གར་སྦྱོར་བར་བྱ་ཞིང་འདི་ཡིས་དབྱེར་རུང་བ་རྣམས་མན་ངག་ལྷན་ཐབས་སུ་ཞིབ་ཏུ་གསལ་བ་ལ། དེ་བཞི་དབྱེ་རུང་ལེགས་ལུགས་རྣམ་པ་བཞི།། རླུང་ལྟར་ཆགས་པ་འོ་མ་ལྟ་བུར་ཆགས།། ཞོ་ལྟར་ཆགས་དང་མར་ལྟར་སྨིན་པ་བཞི།། རླུང་ལྟར་ཆགས་དུས་ནད་གཞི་སྔོ་ལ་དུལ།། ཕྱི་རུ་དུ་བ་རབ་རིབ་སྐྲ་ཤད་འདྲ།། རིང་བོ་མི་མཐོང་མིག་རྡུལ་ཡོད་སྙམ་འབྱུང་།། འོ་མའི་དུས་ན་ནད་གཞི་སྔོ་ལ་སྲབ།། ཉེ་མཐོང་རིང་མི་མཐོང་ཞིང་སྟེང་འོག་ལོག ། ཞོ་ལྟར་ཆགས་དུས་སྔོན་པོ་སྐྱ་བ་ལ།། རེ་རེ་གཉིས་མཐོང་སོར་མོའི་བར་རྣམས་མཐོང་།། ཆེ་མཐོང་ཆུང་བའི་གཟུགས་རྣམས་མཐོང་རེ་མེད།། མར་ལྟར་སྨིན་པ་དཀར་ནི་འཁྱིལ་ལེ་བ།། ཤིན་ཏུ་མཐུག་ཉམས་མེ་ཉི་ཉུང་ཟད་མཐོང་།། མིག་གདོང་ལག་པ་གཡུགས་ན་མཐོང་བ་ཙམ།། ཞེས་འབྱུང

ཕན་ནུས། ཞེས་རྒྱལ་མོའི་མཐོང་ཤུགས་ལ་སྐྱོན་ཞུགས་པ་རྣམས་བསལ་བར་བྱེད་ནུས།

བཀོལ་སྟངས། མན་རྒྱུད་མིག་ནད་བར་འགྲིབས་གསོ་བར་སྔོན་འགྲོ་དངོས་གཞི་རྗེས་གཅོད་དང་བཅས་པ་རྒྱས་པར་བསྟན་ཅིང་བརྡེག་ཐབས་དང་བསལ་ཐབས་དངོས་ལ། བརྡེག་ཐབས་གཡོན་པས་མིག་མི་འགུལ་བར་བཟུང་།། གཡས་ཀྱིས་ཐུར་ཞབས་གསང་དེ་བསྟེན་བྱས་ལ།། ཐུར་མ་ལྡོག་སྟེ་མཐེབ་མཛུབ་གུང་མོས་བཟུང་།། མ་ཞུམ་བརྟན་པས་གསང་ལ་ལེགས་བཙུགས་ལ།། ཐུར་མ་བྱ་མི་འདའ་བའི་མན་ངག་གིས།། མིག་གི་དཀྱིལ་དུ་བསྡིགས་ལ་ནེམས་ཀྱིས་དབུལ།། ལེགས་ཕུགས་པུས་ཞེས་བྱ་བའི་སྒྲ་བྱུང་ནས།། ཚི་མེད་བལ་གྱིས་མིག་ལ་ཆུ་ལྕག་བྱ།། བསལ་ཐབས་རང་ལ་གདུང་ཚུགས་བལྟར་བཅུག་ལ།། ཐུར་མ་བསྙལ་ཏེ་རྒྱལ་མོའི་སྟེང་དུ་བཏང་།། རྒྱལ་མོ་སྐྱ་རིབ་ཐུར་རྩེ་མཉམ་པར་འདོད།། འཕན་ལྟར་འདྲིལ་དང་བཙོང་ལྟར་བཤུ་བ་དང་།། འོ་ལྟར་དབོ་དང་སྤུ་ལྟར་གཟེངས་པ་ཡིས།། སྒྲིབ་བྱེད་བསལ་ལ་ཐུར་མའི་འོག་ཏུ་སྦ།། འཐོར་ན་བསྡུ་ཞིང་བྲོས་ན་དགུག་པ་དང་།། ཤོར་ན་གླན་ཞིང་དམས་ན་ཁུ་ཡིས་གདབ།། ཅེས་གསུངས་པ་བཞིན་ཤེས་དགོས།

X