//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཐུན་མིན་གསོ་ཐབས། > ཐུར་མའི་གསོ་ཐབས། > ནང་དོན།

སྦུབས་མེད་སྦལ་མགོ

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-04-20 10:36:01 ཀློག་གྲངས། 24 

མིང་གཞན། སྦུབས་མེད་སྦལ་མགོ

ཆ་བྱད་ཀྱི་རྒྱུ། ལྕགས་བཟང་ངར་ལྡན།

ཆ་བྱད་ཀྱི་རིགས། སྦུབས་མེད་ཀྱི་ཐུར་མ།

དབྱིབས་ཚད། ཀུན་ཀྱང་མགོ་འོག་ལུས་ཤོང་ཐུར་ཞབས་ལྡིག ། ཕྲ་ལ་མཁྲང་བ་སྲིད་སོར་དྲུག་པ་བྱ།། ཞེས་པ་ལྟར་འདི་རྣམས་སྤྱི་ལྟར་བྱ་ཞིང་དེ་ཡང་འདི་རང་སྦལ་བའི་མགོ་དང་འདྲ་བར་ཟླུམ་ལ་ཅུང་ཟད་རྣོ་བ་སྔར་གྱི་སྦལ་མགོ་དང་འདྲ་ནའང་འདི་སྦུབས་མེད།

སྤྱོད་སྒོ། གློ་བ་མ་བུའི་གསང་དང་མཆིན་མཆེར་མཁལ་མ། རྒྱུ་ལོང་སོགས་ཀྱི་གསང་དབྱེ་བར་སྦྱོར།

ཕན་ནུས། གསང་དེ་རྣམས་ཀྱི་རྣག་དང་ཆུ་སེར་འདྲེན་ཞིང་གློ་སྙིང་རྒྱུ་ལོང་མཁལ་མ་ལ་སོགས་པའི་སྐྲན་རྣམས་ཀྱང་འབྱིན་པར་བྱེད་ཅིང་། ཆ་ལག་བཅོ་བརྒྱད་དུ། སྦལ་མགོ་འདྲ་བ་མཆིན་མཚེར་རྒྱུ་ལོང་ལ།། ཞེས་གསུངས་པ་བཞིན།

བཀོལ་སྟངས། ཐུར་མ་སྤྱིའི་ལག་ཚོད་དང་བརྡེག་ཐབས་ལུས་ཀྱི་ཆོ་ག་རྣམས་ལས་གང་འོས་ཞིག་གདམས་རྒྱུ་དང་། འདི་ཡང་གསང་དང་ནད་མི་འདྲ་བ་དུ་མར་སྤྱོད་པས་རང་རང་སྐབས་ལྟར་ཏེ་གློ་གསང་ལྟ་བུ་ལ་སྟ་སྒབ་ལྟར་འཕང་ཞིང་གློ་བའི་འཁྲིས་སུ་ཐུར་མ་སླེབས་ན་སྣ་བུག་ཧར་ཞིང་གློ་ཆུང་སུད་སུད་དུ་འོང་བ་ཡིན།

X