//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཐུན་མིན་གསོ་ཐབས། > ཐུར་མའི་གསོ་ཐབས། > ནང་དོན།

སྦུབས་མེད་ཀྱི་ཐུར་མ་ནས་འདྲ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-04-20 10:33:52 ཀློག་གྲངས། 25 

མིང་གཞན། ནས་འདྲའི་ཐུར་མ།

ཆ་བྱད་ཀྱི་རྒྱུ། ལྕགས་བཟང་ངར་ལྡན།

ཆ་བྱད་ཀྱི་རིགས། སྦུབས་མེད་ཀྱི་ཐུར་མ།

དབྱིབས་ཚད། མགོ་འོག་ལུས་ཤོང་ཐུར་ཞབས་ལྡིག་པར་བྱ་བ་ལ་སྲིད་སོར་དྲུག་ཡོད་པ་ཐུར་བྱད་སྤྱི་ལྟར་བྱ་ཞིང་འདིའི་རྩེའམ་མགོ་བོ་ནས་འབྲུ་དང་འདྲ་བ་སྦུབས་མེད་པ།

སྤྱོད་སྒོ། སྒལ་ཚིགས་ཀྱི་གསང་རྣམས་དང་སྐྲན་ལ་འདེབས་པར་སྦྱར།

ཕན་ནུས། སྒལ་ཚིགས་ཀྱི་སྐྲན་འབྱིན་པ་དང་གློ་སྙིང་མཁལ་མའི་གསང་ལ་བསྔགས་པར་གསུངས།

བཀོལ་སྟངས། ལུས་ཀྱི་ཆོ་ག་གང་ལ་དེ་འཚམ་དུ་བྱས་ནས་ཐུར་མ་སྤྱིའི་ལག་ཚོད་དང་བརྡེག་ཐབས་རྣམས་སྔར་བཞིན་ཤེས་པར་བྱ་ཞིང་འདིའི་གསང་མི་འདྲ་བ་ལ་བྱེ་བྲག་གི་བརྡེག་ཐབས་མི་འདྲ་བ་དཔེར་ན་སྒལ་ཚིགས་ལྟ་བུ་ལ་དྲང་ཐད་དུ་ཐད་ཀར་འཕང་བ་གཡུལ་ཐབས་བྱ་ཞིང་ལག་ཚོད་དུ། སྐྲན་དང་འཕྲད་ན་རེག་པ་སྲ་བ་ལ།། ཐད་ཀར་གཟེར་ཞིང་ཨ་ན་ཟེར་བ་འབྱུང་།། གསར་དུས་མཐའ་བསྐོར་རྙིང་ནས་རྨ་མང་གདོད།། རྣག་དང་དམུ་ཆུ་རླངས་འཁྱིམས་དངོས་སུ་གསལ།། མགོ་དང་ཡན་ལག་ཚིགས་མིག་རུས་ལ་འཐུག ། བཤུལ་ཤའི་ཐུར་མ་ཚད་དང་ལག་ཚོད་བསྟུན།། ཆག་གང་ནང་རྡོལ་འཕར་ནས་དབུལ་ཐབས་མེད།། ཡན་ལག་ཅུར་འབྱིན་ཚིགས་པར་བཀྲུལ་ལ་གདོན།། ཞེས་ཕྱི་རྒྱུད་ཐུར་ལེར་གསུངས་བ་བཞིན་དུ་བྱ།།

X