//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཐུན་མིན་གསོ་ཐབས། > ཐུར་མའི་གསོ་ཐབས། > ནང་དོན།

སྦུབས་ཐུར་བྱིད་པོའི་མཆུ་འདྲ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-04-20 10:31:47 ཀློག་གྲངས། 19 

མིང་གཞན། སྦུབ་ཐུར་མཆིལ་བའི་མཆུ་འདྲ།

ཆ་བྱད་ཀྱི་རྒྱུ། ལྕགས་བཟང་ངར་ལྡན།

ཆ་བྱད་ཀྱི་རིགས། སྦུབས་ཅན་གྱི་ཐུར་མ།

དབྱིབས་ཚད། སྦུབས་ཅན་མགོ་འོག་ལུས་ཤོང་སོགས་གོང་བཞིན་དུ་ཤེས་པར་བྱ་ཞིང་འདིའི་སྲིད་དུ་རྒྱུད་ཆུང་བར་དམིགས་བསལ་སོར་བཅུ་གཉིས་དགོས་པར་གསུངས། དེ་ལྟར་བྱ་རིགས་བྱིད་པོའི་མཆུ་འདྲ་བ་ཡ་མཆུ་གུག་གེ་བའི་འོག་ཏུ་མ་མཆུ་ཚུད་ཙམ་གྱི་ཁ་གདེངས་ངེ་བ།

སྤྱོད་སྒོ། བྱང་ཁོག་ཏུ་བསགས་པའི་རྣག་གསང་དབྱེ་བ་ལ་སྦྱར་བར་བྱ།

ཕན་ནུས། ཕོ་བ་སོགས་སུ་བསགས་པའི་རྣག་རྣམས་དངོས་སུ་ཕྱིར་འབྱིན་པར་ནུས།

བཀོལ་སྟངས། སྤྱིའི་བརྡེག་ཐབས་དང་ལག་ཚོད། ད་དུང་ལུས་ཀྱི་ཆོ་ག་རྣམས་གང་བདེར་བྱ་རྒྱུ་སྔར་བཞིན་ཤེས་པར་བྱ་ཞིང་། བྱེ་བྲག་འདི་ལ་རྒྱ་གྲམ་ཞེས་ཐུར་མས་པགས་པ་ཕུག་རྗེས་ཐུར་རྩེས་ཕྱོགས་བཞི་མཚམས་བཞི་རུ་བསྐོར་བ་དང་ཐུར་མ་ཅུར་ལ་འབྱིན་པར་འཕང་བའི་བརྡེག་ཐབས་སྤྱོད་པར་བྱེད་ཅིང་། འདིའི་བརྡེག་ཐབས་གསལ་བོར་ཕྱི་རྒྱུད་མཚོན་རྨའི་ལེའུར།། དབྱེ་ཐབས་གཟའ་སྐར་ཚེས་བཟང་སྔ་སྐད་དུས།། ཁད་མཉམ་སྟན་ལ་ལུས་བསྲང་སྐྱིལ་ཀྲུང་འདུག ། ལོ་མཐུན་གཡོག་གིས་བརྟེན་ལ་རྣ་བ་བསྡམ།། སྦུབས་ཐུར་བྱིད་པོའི་མཆུ་འདྲས་གསང་ས་ཡི།། སྟ་སྒབ་སྣེ་སྣོད་མེད་པར་དྲང་བོར་བརྡེག ། པགས་པ་ཤ་རུས་ནང་བརྡོལ་ལག་ཚོད་མྱོང་།། ལག་པ་ཐུར་མ་པགས་པ་མི་འབྲལ་ལྟེམ།། དབུགས་བསྡམ་རྒྱུས་བལྡད་མྱུལ་ཞིང་རྣག་ཆུ་གདོན།། ཞེས་གསུངས།།

X