//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཐུན་མིན་གསོ་ཐབས། > ཐུར་མའི་གསོ་ཐབས། > ནང་དོན།

སྦུབས་ཐུར་སྨྱུ་གུ་ཁ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-04-20 10:23:48 ཀློག་གྲངས། 22 

མིང་གཞན། སྦུབ་ཐུར་སྨྱུ་གུ་ཁ།

ཆ་བྱད་ཀྱི་རྒྱུ། ལྕགས་བཟང་ངར་ལྡན།

ཆ་བྱད་ཀྱི་རིགས། སྦུབས་ཅན་གྱི་ཐུར་མ།

དབྱིབས་ཚད། སྲིད་སོར་དྲུག་པ་ལ་མགོ་འོག་ལུས་ཤོང་ཐུར་ཞབས་ལྡིག་པ་ངོ་བོ་སྦུབས་དང་བཅས་པ་རྣམས་སྔ་མ་དང་འདྲ་ཞིང་འདི་སྨྱུ་གུའི་ཁ་དང་འདྲ་བ་ཞེས་ཕྱོགས་གཅིག་བཞོག་སྟེ་རྩ་བ་ནས་རྩེའི་བར་རིམ་བཞིན་ཇེ་ཕྲར་སོང་བ།

སྤྱོད་སྒོ། ཆུ་གསང་རྣམས་ནས་དམུ་ཆུ་གཙགས་པ་དང་རླངས་འཁྱིམས་གཙགས་པ་ལ་སྦྱོར།

ཕན་ནུས། བྱེར་ཟགས་འཁྱིམས་པ་ལ་སོགས་པའི་ཆུ་རིགས་རྣམས་ལྤགས་འོག་དོན་སྣོད་ཕྱི་རོལ་སོགས་ཀྱི་གནས་མི་འདྲ་བ་ལས་ཕྱིར་འདྲེན་ཅིང་རླངས་པ་འཁྱིམས་པ་གསེང་བར་བྱེད།

བཀོལ་སྟངས། རྫིང་གིས་འོར་ཁུང་བརྟོལ་བ་འདྲ་བར་དྲངས་ཞིང་དེ་ཡང་བརྡེག་ཐབས་ལབྱེ་བྲག་གཡུལ་ཐབས་འཕྲེལ་གཅུས་སྟ་སྒབ་དང་།། ཐོད་སྐོར་རྒྱ་གྲམ་ཅུར་འབྱིན་རྣམ་པ་དྲུག། བུ་སྐོར་མ་ལ་མི་གནོད་པ་དང་བདུན།། མ་སྐོར་བུ་ལ་མི་གནོད་པ་དང་བརྒྱད།། ཅེས་པ་ལྟར་ཆུ་རིགས་མི་འདྲ་བ་ལ་གང་མཁོ་ལྟར་སྤྱད་པ་དང་དེ་བཞིན་རླངས་པ་འཁྱིམས་པ་ལའང་གནས་དང་སྦྱར་ནས་བརྡེག་ཐབས་རྣམ་པ་འདི་དག་གང་མཁོར་སྤྱད། འདིའི་བཀོལ་སྟངས་དམུ་ཆུ་གསོ་བའི་ལེའུར། ཐམས་ཅད་བརྡུགས་ན་གསང་ནས་གཙག་པར་བྱ།། གསང་ནི་རྒྱབ་ཀྱི་རྩིབ་ཐུང་གཉིས་ཀྱི་མཆན།། མདུན་གྱི་ལྷེན་གསང་ལྟེ་བ་ཡན་ཆད་དུ།། ཆུ་མཚམས་པགས་པ་སྲབ་པའི་འབྲི་དམིགས་ཡིན།། རྐེད་པར་ཆུ་ཆིངས་སྣམ་བུས་མས་ཡར་བསྡམ།། སྐྱིལ་ཀྲུང་ཁད་མཉམ་སྟན་འདུག་ལུས་པོ་བསྲང་།། རྫེམས་དང་རྫེམས་འཛིན་རྩ་སྟེང་མ་ཡིན་པར།། སྦུབས་ཐུར་སྨྱུ་གུ་ཁ་ཡིས་སོར་གཉིས་དབུག ། བྲེ་ཕྱེད་ཕུལ་དོ་ཆུ་བོངས་སྦྱར་ལ་དབྱུང་།། འདོན་པ་མང་ན་ཆུ་ཚབ་ཟུག་གཟེར་སྐྱེ།། ཕུག་ཤུལ་དུང་དང་མགྲོན་བུ་རྩིབ་བསྲེགས་གླན།། ཕྱིང་པ་བག་འདག་སྦྱར་བ་སྣམ་བུས་བཅིང་།། ཆུ་ཁ་རླུགས་ན་ཆུས་བོར་སྲོག་དང་འབྲལ།། དེས་ན་སྔ་མའི་རྨེན་པ་མ་བརྟས་པར།། ཕྱི་མ་མི་དབུག་ཕུག་ན་གཤེད་མ་བྱེད།། དེ་ནས་ནས་རེ་རིམ་པས་ཇེ་དམའ་དབུག ། གཙག་དང་སྐེམ་པ་སྦྱོངས་སུ་སྤེལ་ལ་བཅོས།། ཞེས་དང་གཙག་རྗེས་ཀྱི་ཆུ་པྲར་བརྟག་པ་ལའང་།། བཙགས་པའི་ཆུ་པྲ་ཆུ་དང་འདྲ་ན་འཚོ།། ལྗང་གུ་སེར་པོ་འཚོ་དཀའ་དམར་སྨུག་འཆི།། ཞེས་གསུངས་འདུག

X