//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས་འདུལ་སྦྱོང་། > རྡོ་སྨན་དུག་འདོན། > ནང་དོན།

ཅོང་ཞི་རྒོད་བཏུལ་བྱེད་པའི་ལག་ལེན།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-04-14 15:47:32 ཀློག་གྲངས། 32 

ཕོ་ཅོང་བཟང་པོ་མཐེབ་ཙམ་མང་དུ་བསགས།། སོལ་མེས་འཚོས་པར་བསྲེགས་ལ་ཆུ་གྲང་དུ།། བསྐྱུར་བས་ཞོ་ལྟར་འཇུ་བ་གྲང་ཕབ་གཅེས།། བསིལ་བའི་སྦྱོར་བ་དག་ལ་གཏོང་བ་ཡིན།། ཆང་ནང་ཕབས་པ་ཚ་ཕབས་དྲོད་སྦྱོར་གཏོང་།། དར་བས་ངད་བསད་སྙོམས་ཕབ་སྙོམས་ལ་སྦྱོར།། མ་ཕབ་གྲང་དུ་བཅུག་ཕྱེ་ཤིན་ཏུ་ཚ།། འབིགས་བྱེད་རུལ་གཅོད་གྲང་སྐྲན་བཤིག་ལ་གཏོང་།། གང་ཡང་མ་ཚོས་སིག་མ་ཏིལ་འབྲུ་ཙམ།། སོང་ན་ཐལ་བ་འདི་ཡི་དུག་ཏུ་བཤད།། དེ་ཕྱིར་རླན་ཕབ་དར་གྱི་ཚགས་ལ་འདྲེན།། མ་ཕབ་ཤིང་བུས་སྐམ་མཉེད་དར་ཚགས་འདྲེན།། ཀུན་གྱི་སིག་མ་སྲ་མཁྲེགས་མ་ཚོས་དོར།། མ་ཕབ་ཕྱེ་དེ་སླར་ཡང་ཀོང་བུར་བསྲེགས།། ཆིག་རྒྱུ་སྦྱོར་སྡེ་གང་ཡང་བཤད་པ་མང་།།

X