//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཐུན་མིན་གསོ་ཐབས། > གཏར་གའི་གསོ་ཐབས། > ལག་པའི་གཏར་རྩ་སོ་བཞི། > ནང་དོན།

སྣོད་ཀ

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-02-13 14:24:25 ཀློག་གྲངས། 48 

གདབས་དམིགས། གྲུ་མོའི་ཁུག་ཏུ་ཨ་སོ་ལི་ཀ་ཞེས་པའི་འཕར་རྩ་དང་མཉམ་དུ་གཤིབས་པའི་སྡོད་རྩ་དེར།

བསྙལ་ཐབས། གྲུ་ཁུག་སོར་གསུམ་གོང་།

གདབ་ཐབས། ཉིས་ལེན།

བླ་གནས་པའི་ཚེས་གྲངས། ༢༤

གཉན་པའི་གནད། མ་ནོན་པའམ་ཐལ་ན་སྲོག་གི་རྩ་ཆེན་ལི་ཀའི་གནད་ཡོད།

ཕན་ནུས། གློ་ལུ་སྣ་ཁྲག་རྒྱས་དང་དབུགས་མི་བདེ།། སྙིང་སྲོག་མཆིན་དྲི་བྲང་རྒྱབ་སྦྲགས་ཤིང་ན།། གུས་གཉིས་ལྕི་འཐིབ་སྟོད་གཟེར་ལུད་པ་འགགས།། རྟག་ཏུ་སྣ་ཁྲག་འཛག་དང་ཡན་ལག་སྦྲིད།། དོན་སྣོད་ཐུན་མོང་ནད་དང་ཁྱད་པར་དུ།། ཕོ་ལོང་མཆིན་མཁྲིས་རྒྱུ་སོགས་བར་ནད་སེལ།།

གོང་ངོས། དྲུག་མགོ
X