//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཐུན་མིན་གསོ་ཐབས། > གཏར་གའི་གསོ་ཐབས། > ལག་པའི་གཏར་རྩ་སོ་བཞི། > ནང་དོན།

དྲུག་མགོ

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-02-13 14:21:08 ཀློག་གྲངས། 27 

གདབས་དམིགས། མཆན་འོག་ནས་གྲུ་མོའི་ནང་ཟུར་དུ་བརྒྱུད་དེ་གྱེན་དུ་ཡོད་པའི་གྲུ་ཁུག་ནང་ཟུར་དུ་སོར་བཞིའི་ཚད།

བསྙལ་ཐབས། གྲུ་ཁུག་སོར་གསུམ་གོང་།

གདབ་ཐབས། སྤྱི་འགྲོས།

བླ་གནས་པའི་ཚེས་གྲངས། ༢༤

གཉན་པའི་གནད། མ་ནོན་པའམ་ཐལ་ན་སྲོག་གི་རྩ་ཆེན་ལི་ཀའི་གནད་ཡོད།

ཕན་ནུས། མཆིན་པའི་རྩ་ཡིན་མཆིན་དྲི་འཁོར་གཟེར་དང་།། མཆིན་ཁྲག་རྒྱས་དང་ཕོ་གཟེར་གཞུང་རེངས་དང་།། སྨུག་པོ་སྲིན་དང་བད་མཁྲིས་འཁྲུགས་ཚད་དང་།། གློ་ཚད་ལུད་པ་རྣག་ཁྲག་རྒྱས་གཟེར་ལྕི།། སྟོད་འཁྲུགས་དབུགས་མི་བདེ་བ་སོགས་ལ་ཕན།

གོང་ངོས། སྒང་རྩ།
X