//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཐུན་མིན་གསོ་ཐབས། > གཏར་གའི་གསོ་ཐབས། > མགོ་བའི་གཏར་རྩ་ཉེར་གཅིག > ནང་དོན།

རྩེ་ཆུང་གཉིས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-02-13 13:39:28 ཀློག་གྲངས། 63 

གདབས་དམིགས། སྒྲོག་རུས་ཀྱི་སྟེང་ནས་གྱེན་དུ་སོར་བཞིའི་ཚད། རྣ་ཤལ་གྱེན་དུ་འཐེན་ན་རྗེས་སུ་འབྲང་བའི་རྩ་དེ་གསུམ་བྱུང་ན་དབུས་མ་དང་གཉིས་བྱུང་ན་ཕྱི་མ་དེ།

བསྙལ་ཐབས། མཆན་ཁུང་ག་ཤར་བསྡམས།

གདབ་ཐབས། ཉིས་ལེན།

བླ་གནས་པའི་ཚེས་གྲངས། ༡༦ ༡༧

གཉན་པའི་གནད། ཟུར་ལ་སྙིང་རྩ་གཉིད་ལོག་དང་རྩེ་འདྲ་འགྲོགས་པས་ཤིན་ཏུ་གཉན། ཞིབ་པར་བརྟག་རྗེས་སུ་གཏར།

ཕན་ནུས། མགོ་དང་དོན་སྣོད་སྤྱི་ཡི་ལྡེ་མིག་སྟེ།། སྟོད་ཀྱི་སྒོ་གཉིས་ཞེས་བྱ་གློ་རྩ་ཡིན།། ཀླད་སྲིན་བྱང་ཁོག་ཁྲག་བབས་དོན་ལ་ཟིན།། རྒྱས་འཁྲུགས་གློ་འགྲམས་གློ་སྙིང་མཆིན་ཁྲག་རྒྱས།། ཁྲག་གཟེར་ལུས་སྦྲིད་ཚ་བ་རྒྱས་པ་དང་།། སོ་ཚད་མགོ་ཆག་རྩ་སྐྱོན་སྟེང་ནད་རིགས།། སྐྲང་འབྲས་བྱང་ཁོག་མཚོན་ཕོག་ཁྲག་བཀུག་དང་།། དོན་སྣོད་དབང་པོ་མུན་ལྟར་འཐིབ་པ་ལ།། སྐར་ཁུང་རྒྱ་མཐོངས་ཕྱེས་པ་ལྟ་བུ་ཕན།།

གོང་ངོས། སོ་རྩ་གཉིས།
X