//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཐུན་མིན་གསོ་ཐབས། > གཏར་གའི་གསོ་ཐབས། > གཏར་ག་སྤྱི་བཤད། > ནང་དོན།

གཏར་ག་སྤྱི་བཤད།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-02-13 8:52:26 ཀློག་གྲངས། 76 

གཏར་གའམ་གཏར་ཁ་ནི་ལུས་ཀྱི་ངན་ཁྲག་ཕྱིར་དབྱུང་བའི་ཐབས་ལ་བརྟེན་ནས་ཚ་བའི་ནད་བཅོས་པའི་དཔྱད་ཅིག་སྟེ། གཏར་ཞེས་པ་ཕུག་པ་དང་། ག་ནི་གསང་དམིགས་སམ་བུ་གའི་མིང་ཡིན་ལ། དེ་ཡང་ཉིན་འགའི་སྔོན་ནས་འབྲས་བུ་གསུམ་ཐང་སོགས་བཏང་སྟེ། དེ་ནས་ནད་དང་མཐུན་པའི་གཏར་དམིགས་བཙལ་ནས་བསྙལ་ཐག་གིས་བསྡམས་ལ་གཙགས་བུས་ཕུག་སྟེ་ངན་ཁྲག་ཕྱི་རུ་དྲངས་ན། འགྲམས་ཚད་དང་འཁྲུགས་ཚད་སེལ་བར་འགྱུར་བ་ཡིན།།

གཏར་ག་བརྒྱབ་ན་ཕན་པའི་ནད་གཞི་ནི་འགྲམས་ཚད་དང་། འཁྲུགས་ཚད། རིམས་ནད། སྐྲངས་པ། རྨ་དང་དྲེག་ནད། སུརྱ། མེ་དབལ། ཆུ་སེར། མཛེ་ནད། ཚ་བ། ཁྲག་ཚད། མཁྲིས་ཚད་བཅས་ཡིན།།

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X