//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཐུན་མིན་གསོ་ཐབས། > ནི་རུ་ཧའི་གསོ་ཐབས། > ནང་དོན།

ནི་རུ་ཧའི་བཅོས་ཐབས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-02-12 16:35:12 ཀློག་གྲངས། 63 

སྦྱོང་བྱེད་ལས་ལྔའི་ལྔ་པ་ནི་རུ་ཧ་ཞེས་པ་མས་ནས་བཏང་བར་འཇུག་ཅིང་། སྤྱིར་རྐེད་པ་མན་ཆད་ཀྱི་ལུས་སྨད་དུ་མཚོན་ཕོག་པ་དང་། ག་པ་སྐམ་ཞིང་ཐོན་དཀའ་བ། སྨུག་པོ་དང་སྲིན་སོགས་ཀྱི་གླང་ཐབས་རིགས། སྨད་ཚད་རྒྱུ་གཟེར་སོགས་སྣོད་ཀྱི་ཚད་པ། དྲི་ཆུ་བསྡམས་པ། ཕོ་ལོང་རྒྱུ་མའི་ཡུལ་གྱི་ལྟོ་བ་སྦོས་པ། ཁོང་སྲིན་གྱི་ནད། གཞང་སྲིན་གསར་བ། ན་གསར་པ། རིམས་རྙིང་པ་རྣམས་དང་། ཁྱད་པར་དུ་ཁོང་ནད་དྲག་དལ་ཅན་གློ་བུར་བ་དང་། ནད་སྟོབས་ཆེ་བ་ལ་རྣོན་པོ་བསྔགས་ཤིང་། གཅིན་སྙི་ཟ་ཁུའི་ནད་རིགས་རྣམས་དང་། རྒྱུ་གཟེར་སོགས་ཚད་པས་འཁྲུ་བ། བཅོས་གཞན་གྱིས་མ་ཕན་པ་གསོ་དཀའ་བའི་རིམས་དང་། དྲེག་གི་ནད། འོར། ཁུ་བ་ཟད་པ་རྣམས་ནི་འཇམ་པོས་སེལ་བར་བྱེད།།

ནི་རུ་ཧའི་སྦྱོར་བ་དངོས་ལ་བར་མ་རྣོ་འཇམ་གསུམ་དུ་འདུ་སྟེ། བར་མའི་སྦྱོར་བ་གཅིག་ལ་གཙོ་བོ་དུར་བྱིད་དང་། ལུག་སུག་གི་རྩ་བ། བུལ་ཏོག ཕབས། བྱང་པ་དམར་ཁྲ། དུལ་པ་རལ་པ་གདུང་གསེབ་ཀྱི་ས་མ་འདྲེས་པ་རྣམས་བ་ཆུའམ་ཆང་སིངས་པོ་ཡུན་རིང་སོང་བའི་སྙིགས་མའམ་རྙིང་པ་གང་རུང་སྦྱོར་དགོས།

ནི་རུ་ཧ་རྣོན་པོའི་སྦྱོར་བ་ཞེས་པ་གོང་གི་ནད་དེ་དག་སྟོབས་ཆེན་པོ་ཡོད་ན་སོ་སོའི་ཁ་བསྒྱུར་སྟེང་རྣོན་པོ་བྱེད་ན་རེ་ལྕག་པ་ཐམས་ཅད་ལ་བསྣན་པས་སྦྱོར་བ་དྲུག

ནི་རུ་ཧ་འཇམ་པོའི་སྦྱོར་བ་བྱེད་ན་ཨ་རུ་མཆུ་སྙུང་དང་། སེང་ཕྲོམ། བཙོད། ཀྱི་ལྕེ་དཀར་པོ། དུར་བྱིད། ལྕུམ་རྩ་རྣམས་ཀྱི་ཕྱེ་མ་བ་ཡི་འོ་མ་ཅུང་ཟད་དང་བ་ཆུར་སྦྱར་བ་ནི་འཇམ་པོའི་སྦྱོར་བ་ཡིན།།

ནི་རུ་ཧ་རྣོན་པོའི་བཏང་ན་མཚོན་ཁྲག་ཕྱིར་དྲངས་ཏེ་མཁྲིས་ཚད་གཅོག་པར་འགྱུར་བ་ཡིན་ལ། ནི་རུ་ཧ་འཇམ་པོས་ཁོང་པར་གནས་པའི་བད་ཚིལ་གྱི་རིགས་ཐུར་དུ་འདེད་ཅིང་ཆུ་རྒྱུ་བའི་བུ་ག་དག་པར་འགྱུར་བ་ཡིན།

གོང་ངོས། ཡིག་ཆ་མི་འདུག
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X