//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཐུན་མིན་གསོ་ཐབས། > ལུམས་ཀྱི་གསོ་ཐབས། > ནང་དོན།

ལུམས་བཅོས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-02-12 16:09:00 ཀློག་གྲངས། 72 

ལུམས་བཅོས་ནི་ཤུག་པ་དང་བ་ལུ་དང་མཁན་དཀར་དང་མཚེ་དང་འོམ་བུ་བཅས་བདུད་རྩི་ལྔ་བཙོས་པའི་ཁུ་བའམ་རང་བྱུང་གི་ཆུ་ཚན། མི་རུས་བཙའ་མ་སོགས་ཀྱི་ལུམས་སུ་ནད་པའི་ལུས་ཧྲིལ་བོའམ་ཡན་ལག་གང་རུང་ཞིག་སྤྱིངས་པའམ་དེའི་རླངས་པར་བཙོ་བ། སྨན་རྣམས་སླ་ངར་བརྔོས་པའི་ཚན་མོ་བཅིངས་པ་སོགས་ཀྱི་སྒོ་ནས་རྩ་རྒྱུས་གྱོང་པོ་རྣམས་བརླན་ཞིང་མཉེན་པ་དང་། ཆུ་སེར་དང་ཚད་རླངས་ཕྱིར་བཏོན་ཏེ་ཡན་ལག་རེངས་འཁུམས་ཞ་བ་སོགས་སེལ་བར་བྱེད་པ་ཡིན།

ལུམས་ནི་ནད་གཞི་ཡན་ལག་རེངས་པ་དང་། འཁུམས་པ། ཞ་བ། འབྲས། ལྷོག་པ། རྨ་རྙིང་། རྨ་གསར། སྐྲངས་པ།ཚབས་ནད། སྒུར་པོ། ཤ་རུས་ཆུ་སེར་ཡོད་པ། རླུང་ནད་བཅས་ལ་ཕན་ཞིང་།དེ་ལ་ཕར་ཞུགས་པ་ཆུ་ལུམས་དང་། ལུས་ལ་ཚུར་བཅིངས་པ་བཅིང་ལུམས་རྣམ་པ་གཉིས་སོགས་དབྱེ་བ་ཞིབ་ཅིང་ཕྲ་བ་ཡོད། ལུམས་ཀྱི་ཕན་ནུས་ནི་ལུས་ཀྱི་ཚ་བའི་རླངས་པ་ཆུ་སེར་དུ་འབབ་པ་སྟེ་བ་སྤུར་ཡང་ཡང་འདོན་པ་དང་དེས་ནི་རླུང་འདུལ་ཞིང་སྐྲངས་པ་འཇོམས་པ་དང་སྐེམ་པོ་ཤ་རྒྱས་པར་བྱེད།

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X