//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཐུན་མིན་གསོ་ཐབས། > མེ་བཙའི་གསོ་ཐབས། > མེ་བཙའ་སྤྱི་བཤད། > ནང་དོན།

མེ་བཙའ་སྤྱི་བཤད།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-02-12 11:01:55 ཀློག་གྲངས། 138 

མེ་བཙའ་ཞེས་པ་ནི་དཔྱད་ལྔའི་ཡ་གྱལ་ལུས་ཀྱི་མེ་དམིགས་ཀྱི་སྟེང་དུ་སྤྲ་མེ་སོགས་བཞག་ནས་གྲང་བའི་ནད་གཙོ་བོར་གསོ་བའི་ཐབས་ཀྱི་མིང་སྟེ། མེ་བཙའ་ནི་ནད་གཞི་མ་ཞུ་བ་དང་། ཕོ་བའི་མེ་དྲོད་ཉམས་པ། སྐྱ་རྦབ། དམུ་ཆུ་གྲང་བ་ཅན། གྲང་རླུང་ཤས་ཆེ་བའི་སྐྲན་གྱི་རིགས། གྲང་མཁྲིས། མགོ་དང་ཡན་ལག་གི་ཆུ་སེར། ཤ་འབྲས་རུས་འབྲས་སོགས་འབྲས་ནད་ཀྱི་རིགས། ལྷོག་པ། སྟོངས་པའི་ཚ་བ་དང་། སྨྱོ་བྱེད་དང་རྗེད་བྱེད་ཀྱི་གདོན་དང་། རྩ་ནད་ཐམས་ཅད་དང་། ཚ་བའི་རྗེས་ཕལ་ཆེར་ལ་མེ་ཡིས་བཅོས་པ་སྟེ། མདོར་ན་བད་ཀན་དང་རླུང་ལས་གྱུར་བའི་གྲང་བའི་ནད་རིགས་ཀུན་དང་། ཁྱད་པར་རྩ་དཀར་ནག་གི་ནད། ཆུ་སེར་གྱི་ནད་ཐམས་ཅད་མེ་བཙས་བསྲེགས་པར་བསྔགས།

མེ་བཙའ་བྱས་པའི་ཕན་ཡོན་ནི་ནད་གང་ཞིག་ཡིན་པ་དེའི་སྟོབས་རྩ་ཡི་ནང་རྒྱུད་དེ་གནས་གཞན་དང་གཞན་དུ་མཆེད་འགྲོ་བ་དེ་སོ་བས་འཕྲང་ནས་བཀག་པ་བཞིན་མེ་བཙས་རྩའི་འབྲོས་འཕྲང་ནས་ནད་བཀག་སྟེ་མཆེད་དུ་མི་འཇུག་པར་འགེགས་པར་བྱེད་ཅིང་། ལུས་ཀྱི་སྟོད་སྨད་ཕྱི་ནང་གི་གསང་དུ་ནད་བབས་པའི་ཨ་ན་ཨ་ཚའི་ན་ཟུག་གང་ཡོད་འཕྲལ་དུ་གཅོག་པ་དང་།  རླུང་ཆེར་རྒྱས་ཏེ་ནད་ཁ་ཡན་ནམ་ཁ་འཐོར་དུ་སོང་ནས་མི་ཁུག་པ་རྣམས་ཕྱིར་ཁུག་པའམ་གནོན་ལ།  ཁ་ཟས་རིགས་མ་ཞུ་བ་འཇུ་ཞིང་ལྷེན་སྐྲན་དུ་འདྲིལ་བ་བཤིག་པར་བྱེད་པ་དང་། འབྲས་དང་རྨ་རྒན་གྱི་ཤ་རོ་ངན་པ་རྣམས་གཅོད་ལ་སྐྲངས་པའི་མགོ་གནོན་ཅིང་ཆུ་སེར་རྣམས་ཕྱིར་འདྲེན་པའམ་ཡང་ན་རང་སོར་སྐམ་ནས་ཡར་མར་རྒྱུ་བའི་སྒོ་སྡོམ་པ་དང་དོན་སྣོད་ཀྱི་ཐིགས་སྒོ་བསྲུང་ཞིང་ཕོ་བའི་མེ་དྲོད་བསྐྱེད་པ། དྲན་པ་གསལ་བར་འགྱུར་བ་སོགས་གསོ་དཔྱད་གཞན་གྱིས་བཅོས་རྡུགས་པ་ཕལ་ཆེར་མེ་བཙས་གསོ་བར་བྱེད། གཞན་ཡང་མེ་བཙའ་ལ་སྤྲ་མེ་དང་། རྒྱ་གར་མེ་བཙའ། རྒྱ་ནག་མེ་བཙའ། ཧོར་གྱི་མེ་བཙའ། ཏེལ་མེ་སོགས་རིགས་མང་པོ་ཡོད།

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X