//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཐུན་མིན་གསོ་ཐབས། > ཐུར་མའི་གསོ་ཐབས། > ནང་དོན།

ཐུར་མའི་སྤྱི་བཤད།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-02-12 10:37:58 ཀློག་གྲངས། 29 

གཏར་བསྲེག་དུགས་ལུམས་བྱུག་པ་སོགས་གང་རུང་གིས་གསོ་བར་མ་ནུས་པ་དེའི་ལོག་གནོན་དུ་གྱུར་པའི་ཐུར་མ་ནི། གཙགས་བུ་སྦུབས་ཅན་དང་སྦུབས་མེད་གཉིས་པོ་ཚ་གྲང་གང་རུང་དུ་བསྒྱུར་ནས། ནད་དང་འཚམ་པའི་ལུས་ཀྱི་གསང་གནས་སོ་སོར་ཐད་ཀར་བཙུགས་ཏེ་རླངས་འཁྱིམས་དང་སྙིང་ཆུ་བཙགས་པ་དང་། རླུང་གནོན་ཞིང་སྐྲན་བཤིག་པ་དང་རྣག་ཁྲག་ཆུ་སེར་ཕྱིར་འབྱིན་པར་བྱེད་པའི་བཅོས་ཐབས་ཤིག་ཡིན།

རླུང་ནད་དུ་གྱུར་པ་མགོ་རླུང་དང་སྙིང་རླུང་དང་གློ་རླུང་སོགས་དོན་སྣོད་ལ་ཞུགས་པའི་རླུང་དང་། སྒལ་ཚིགས་ལ་རླུང་ཞུགས་པར་སྨན་དང་མེ་བཙས་མ་སེལ་པ་ལ། ཚ་ཐུར་གྱིས་བསྲེགས་ན་དྲོད་ཀྱི་ནུས་པས་རླུང་མགོ་གནོན་པ་དང་འཇོམས་པར་བྱེད་པ་ཡིན།

གསང་སའམ་ཐུར་མའི་ལམ་ནི་རྣམ་པ་བཞི་ཡིན་ཏེ། དོན་ལྔ་སྣོད་དྲུག་གི་ཡུལ་དང་། རྩ་རུས་ཤ་ཚིལ་གྱི་གནད་ཤེས་པར་བྱ་བ། སྤྱིའི་གསང་ས། བྱེ་བྲག་གི་གསང་ས་ཤེས་པས་ན་རྣམ་པ་བཞིར་ངེས་དགོས།།

ཐུར་མའི་ཕན་ཡོན་ནི་རླུང་ཁ་གནོན་པ་དང་། གྲང་བའི་དྲོད་སྐྱེད། སྐྲན་བཤིག་པ། མ་ཞུ་བའང་འཇུ་བ། རླངས་པ་འཁྱིམས་པ་གསེང་བ། ཤ་བེམ་ཀྱང་གསེང་བ། རྣག་ཁྲག་ཆུ་སེར་དམུ་ཆུ་རྣམས་ཕྱིར་ལ་འབྱིན་པ་ཡིན།།

གོང་ངོས། ཡིག་ཆ་མི་འདུག
X