//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཐུན་མིན་གསོ་ཐབས། > དུགས་ཀྱི་གསོ་ཐབས། > ནང་དོན།

དུགས་བཅོས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-02-12 10:22:44 ཀློག་གྲངས། 46 

དུགས་བཅོས་ནི་ནད་རང་རང་ལ་ཕན་པའི་སྨན་རྫས་གང་ཞིག་ལུས་ཀྱི་ནད་དམིགས་སྟེང་དུ་བདུག་པའམ་བརྡེག་པ་སོགས་ཀྱི་ཐབས་ལ་བསྟེན་ནས།ནད་ཟུག་སོགས་འཕྲལ་དུ་གཅོག་པར་བྱེད་པའི་བཅོས་ཐབས་ཤིག་ཡིན་ལ། དེ་ལ་བསིལ་དུགས་དང་དྲོད་དུགས་གཉིས་ཡོད་པ་ལས་བསིལ་དུགས་ནི་ཆུ་གྲང་སོགས་བསིལ་ལ་གྲང་བས་བདུག་པ་དང་།དྲོད་དུགས་ནི་སྨན་སོགས་མེར་བསྲོས་ནས་ཚ་མོས་བདུག་པའི་ནད་རིགས་བཅོས་ཐབས་ཤིག་ཡིན།

དུགས་ནི་ནད་གཞི་བད་རླུང་དང་། མ་ཞུ་བ། གླང་ཐབས། ཆུ་སེར། ཁྲག་འཁྱགས། ཚད་གཟེར་ལ་ཤིན་ཏུ་ཕན་པ་ཡིན་ལ། ནད་ཟུག་འཕྲལ་དུ་གཅོག་པས་ན་དཔྱད་ཀྱི་མཆོག་དུགས་ཡིན་ཞེས་བཤད་པ་ཡིན་ནོ།། འདི་དག་གི་ལག་ལེན་རེ་རེ་བཞིན་གོང་གི་རྨང་གཞིའི་གཞུང་ལུགས་ནང་དུ་རྒྱས་པར་བསྟན་ཡོད། ད་སྐབས་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ལག་ལེན་བྱེད་བཞིན་པའི་དྲོད་དུགས་གཙོ་བོ་ལ་གློག་དུགས་དང་། ཚྭ་དུགས། མེ་དུགས་སོགས་ཡོད།









གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X