//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཐུན་མིན་གསོ་ཐབས། > འཇམ་རྩིའི་གསོ་ཐབས། > ནང་དོན།

འཇམ་རྩི།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ཤ་བོ་གཡང་འབུམ། དུས་ཚོད། 2015-02-12 9:48:23 ཀློག་གྲངས། 31 

འཇམ་རྩི་ནི་ལུས་ཀྱི་སྨད་རླུང་སྦྱོང་བར་བྱེད་པའི་མས་བཏང་གི་བཅོས་ཐབས་ཤིག་སྟེ། དགོངས་དུས་ནད་པའི་བཤང་བ་བསལ་ལ་ཁ་བུབ་ཏུ་སྟོད་དམའ་ཞིང་སྨད་མཐོ་བར་བྱས། སྨན་དྲོ་འཇམ་ཙམ་བསྲོས་ཏེ་གྲོད་པར་བླུགས་པ་གཅེའུ་ལ་བཏགས་ཏེ་འཕོངས་མ་བསྣད་པར་ནང་དུ་བཅུག་ལ་བཏང་། སྨན་འཕོངས་ནས་འཛག་ན་རྐང་པ་གཉིས་ནས་བཏེགས་ཏེ་གསིབ། གན་རྐྱལ་དུ་སྟོད་དམའ་སྨད་མཐོ་བར་བྱས་ཏེ་མ་གྲང་བར་བསྙལ་ནས་སྲོད་དུས་དྲངས་ན་སྨད་རླུང་གི་ནད་སེལ་བ་ཡིན།  དེ་ཡང་སྨན་གྱི་ཆ་ནས་གཙོ་བོའི་སྦྱོར་བ་དང་ཁ་འཛིན་གྱི་སྦྱོར་བ་གཉིས་ལས་གཙོ་བོའི་སྦྱོར་བ་ལ་རླུང་ནད་རྐྱང་པ་ལ་སླེ་འཇམ་དང་། རླུང་དང་མཁྲིས་པར་ལྡན་པ་ལ་བཀྲུ་འཇམ། རླུང་དང་བད་ཀན་ལྡན་པ་ལ་བཀྲུ་མ་སླེན་བཅས་པའི་སྦྱོར་བ་གསུམ་དང་། དེ་བཞིན་དུ་ཁ་འཛིན་གྱི་སྦྱོར་བ་རླུང་ནད་རྐྱང་པ་ལ་ཤིང་ཀུན་དང་། ཁ་རུ་ཚ་གཉིས་སྣོན་དགོས་པ་དང་།  རླུང་དང་བད་ཀན་ལ་བཅའ་སྒ་དང་། པི་པི་ལིང་གཉིས་སྣོན་པ། རླུང་དང་མཁྲིས་པ་ལ་སླེ་ཏྲེས་དང་། ཀྱི་ལྕེ་དཀར་པོ་གཉིས་སྣོན་པ། དེ་ལྟར་གཙོ་བོ་གསུམ་དང་ཁ་བསྒྱུར་དྲུག་སྟེ་དགུ་བོ་དེས་ནི་རླུང་གི་ནད་གང་ཡིན་ཀྱང་ཁ་གནོན་ཞིང་། བད་མཁྲིས་ཀྱི་ནད་གཏིང་ན་ཞེན་པ་སློང་བར་བྱེད་པ་ཡིན།

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X