//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཐུན་མིན་གསོ་ཐབས། > སྣ་སྨན་གྱི་གསོ་ཐབས། > ནང་དོན།

སྣ་སྨན།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ཤ་བོ་གཡང་འབུམ། དུས་ཚོད། 2015-02-12 9:45:55 ཀློག་གྲངས། 36 

ལས་ལྔའི་སྣ་སྨན་ནི་སྨན་གྱི་ཁུ་བ་སྣ་རུ་བཏང་ནས་ནམ་ཚོང་ཡན་གྱི་ནད་སེལ་བའི་བཅོས་ཐབས་ཤིག་ཡིན་ལ།  སྣ་བུག་ནི་ཀླད་པའི་སྒོ་ཉིད་ཡིན་ཕྱིར་ཀླད་པ་ལ་ཡ་མ་དཀར་ནག་དང་། དབང་པོ་སྒོ་ལྔའི་ནད་རིགས་ལ་ཕྱི་ནས་བཏང་ཏེ་ནང་ནད་དབྱུང་བས་ན་སྦྱོང་བྱེད་ལས་སུ་གཏོགས་པ་དང་།  ནད་གཞི་གང་ལ་ཐོག་མར་གཏོང་བའི་ཚུལ་ནི་སྔ་དྲོ་སྣབས་ལུད་དག་པར་བསལ་ལ་གན་རྐྱལ་དུ་ཉལ་ཏེ་སྔས་སྨད་ནས་མགོ་ཐུར་དུ་དཔྱངས་དགོས་ཤིང་སྔར་སྲོལ་ལྟར་ན་གཞུ་རྒྱུད་མར་ལ་བསྟན་ཏེ། མགོ་བོ་གཞུ་ཁུག་ཏུ་བཞག་ཏེ་ཁར་གནམ་ལ་འཁོར་ནས་ཅུང་ཟད་མགོ་བོ་ཕྱིར་འཕྱང་སྟེ་སྣ་བུག་ཏུ་སྨན་བླུགས་པ་དང་། གལ་ཏེ་རྐན་ནས་ཁ་ནང་དུ་བྱུང་ན་ཕྱིར་བཟློག་པ་དང་། དབུགས་ཀྱི་འབྱུང་འཇུག་གནས་གསུམ་གཅིག་ཏུ་བརྩིས་པའི་ལན་བརྒྱའི་བར་ཉལ་ན་ནད་གང་ཡིན་ཕྱིར་གདོན་པར་འགྱུར་བ་དང་།   དེ་ཡང་སྦྱོང་སྨན་ལ་ཞི་དྲག་གཉིས་ལས། ཞི་བྱེད་ཀྱི་སྨན་ལ་གུར་གུམ་དང་། ཞུན་མར། ཤེལ་ཀ་ར་གཙོ་བྱས་ཀྱི་མགོ་བོའི་རླུང་ཁྲག་འཐབ་པ་དང་གཟེར་འཁྱུག་པ་རྣམས་འཇོམས་པར་བྱེད་པའི་འཇམ་པོ་ལྔ་བ་དང་།  དེ་བཞིན་དུ་དྲག་སྦྱོང་ལ་འགྲོན་བུ་བུ་ཅན་དང་། བོང་ང་དཀར་པོ། ལུག་སུག་པའི་རྩ་བ། སྒ་སྐྱ་བཅས་བཞི་པོ་ཆ་མཉམ་དུ་བསྲེག་པའི་ཐལ་བ་ཆ་དྲུག་བཅས་པ་འགྲོན་བུ་དྲུག་པ།  འཇམ་པོ་ཁ་འཛིན་ལྔ་པ་གཉིས་ཏེ་བདུན་རྣམས་ཀྱིས་ནད་མ་ལུས་བ་སེལ་བར་བྱེད་པ་དང་།  དེ་ལྟར་སྣ་སྨན་བསྟེན་དྲགས་པས་ལོག་གནོན་ནི་སྣ་ནས་ཁྲག་ཤོར་ན་མགོ་བོ་དང་། ལུས་སྟོད། ཁྱད་པར་སྨིན་དབྲག་ལ་ཆུ་གྲང་གིས་བྲན་དགོས་ཤིང་། གལ་སྲིད་དེས་མ་ཆོད་ན་ཁྲག་གཅོད་ཀྱི་སྨན་གང་རུང་དང་། ཤིན་ཏུ་ཐུ་ན་བི་ཇིའི་མཚལ་ལུད་ཁ་བསྡམ་དང་། གཉའ་ཡི་མགོ་རོ་ཁྲག་གཅོད་སོགས་ཁོང་སྨན་དང་།  དཔྱད་དུ་དཔུང་བ་གཡས་གཡོན་གང་རུང་གི་མགོ་ལ་མེ་བཙའ་རྒྱག་པ། རྩེ་ཆུང་གཏར་བ་སོགས་ཀྱིས་བཅོས་ཀ་མང་དུ་བྱ།

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X