//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ནད་གཞི་བརྟག་བཅོས། > མཆིན་པའི་ནད། > མཆིན་སྨུག > ནང་དོན།

མཆིན་སྨུག

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-02-10 17:14:29 ཀློག་གྲངས། 15 

བཅོས་ཐབས།

གསོ་ཚུལ།

མཆིན་ཁམས་སྲུང་བ།

གསོ་ཐབས།

ཟས། ཉ་ཤ་ཞོ་དར་སོགས་ཡང་རྩུབ་བསིལ་དྲོད་སྙོམས་པ་བསྟེན།

སྤྱོད་ལམ། བསིལ་དྲོད་སྙོམས་པའི་ཡུལ་དུ་རྩོལ་བཅག་རན་ཙམ་བྱ།

 སྨན། གི་ཝང་དགུ་བ་དང་གླང་ཆེན་མེ་ཏོག་བཅོ་བརྒྱད། ཐང་ཆེན་ཉེར་ལྔ། གུར་ཀུམ་མཆོག་བདུན། སེ་འབྲུ་དྭངས་གནས། མན་ངག་བསིལ་སྦྱོར་སོགས་གང་ལ་དེ་འཚམ་གྱིས་གསོ་བཅོས་བསྟེན་རྒྱུ།

 དཔྱད། རུ་ཐུང་དང་མཆིན་མཁྲིས་འདོམས་རྩ་གཏར།

ཕན་འབྲས་ཚད་གཞི།

སངས་དྲག

གོང་གི་ནད་རྟགས་རྣམས་ཞི་བ་དང་ལུས་པོ་ཐ་མལ་དུ་ཚུད་པ།

སྐྱེད་ཆེ་བ།

མཆིན་དྲི་རོ་རྒྱབ་ན་ལ་ཚིགས་པ་བཀན་ཞིང་མཉེས་ན་ཕན་སྙམ་བྱེད་པ། མེ་ཉིས་དྲོས་པའམ་དྲོད་བཅུད་ཅན་དང་རུལ་སྐྱུར་ཟས་ཀྱིས་ལྷག་པར་གནོད་པ། མཆིན་པ་རྒྱས་ན་སྲ་ཞིང་ཁེངས་ལ་སྐྲན་ལྟར་ན་བ་བཅས་ཀྱི་ན་ལུགས་ལས་གང་གཙོ་ཆེར་བྱུང་བ་དེ་ཞི་བ་དང་། རྩ་ཆུ་ལྕེའི་རྟགས་རྣམས་ཀྱང་ཕལ་ཆེར་ཐ་མལ་དུ་ཚུད་པ།

སྐྱེད་ཆུང་བ།

ན་ལུགས་གཙོ་བོ་དེ་མ་ཞི་བ་དང་། ནད་རྟགས་འགའ་རེ་ཞི་ཡང་གཞོགས་འདེགས་བརྟག་དཔྱད་དང་རྩ་ཆུར་འགྱུར་ལྡོག་ཆུང་བ།

སྐྱེད་མེད་པ།

ཕན་སྐྱེད་ཅི་ཡང་མ་བྱུང་བའམ་ཇེ་སྡུག་ཏུ་ཕྱིན་པ།

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X