//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ནད་གཞི་བརྟག་བཅོས། > མཆིན་པའི་ནད། > མཆིན་སྨུག > ནང་དོན།

མཆིན་སྨུག

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-02-10 17:14:29 ཀློག་གྲངས། 13 

མཆིན་པ་སྨུག་པ་ཞེས་པ་ནི་ངན་ཁྲག་ཡུན་རིང་རྒྱས་ནས་འདུས་ནད་སྨུག་པོ་དེ་མཆིན་པར་བབས་པ་ལ་བྱའོ།།

རྒྱུ་རྐྱེན།

གསར་ཐོག་འབྲུ་དང་མར་རྙིང་སོགས་སྣུམ་ལ་ལྕི་བའི་ཟས་དང་། བསིལ་དྲོད་ཡུན་རིང་བསྟེན་དྲགས་པ། ཆང་མང་དུ་འཐུངས་པ། མཆིན་པར་བསྣད་འགྲམས་བྱུང་ནས་ཡུན་རིང་འགོར་བ་སོགས་ཀྱིས་བསླངས་པ།

ནད་རྟགས།

ལུས་རྟགས།

མཆིན་དྲི་རོ་རྒྱབ་ན་ལ་ཚིགས་པ་བཀན་ཞིང་མཉེས་ན་ཕན་སྙམ་བྱེད་པ། མེ་ཉིས་དྲོས་པའམ་དྲོད་བཅུད་དང་རུལ་སྐྱུར་ཟས་རིགས་ཀྱིས་ལྷག་པར་གནོད་པ།  མཆིན་པ་རྒྱས་ན་སྲ་ཞིང་ཁེངས་ལ་སྐྲན་ལྟར་ན་བ།

རྩ་ཆུའི་རྟགས།  

རྩ་ཆུ་གང་རུང་ཁྲག་ནད་ལྟར་མངོན་པ།

གཞོགས་འདེགས་བརྟག་དཔྱད།

Bསྒྲ་བརྒལ་ལས་མཆིན་པ་ཆེར་རྒྱས་པ། མཆིན་པའི་ནུས་པ་ཉམས་པར་མངོན།CTདང་MRIལས་མཆིན་པའི་དབྱིབས་རྒྱུན་ལྡན་མིན་པར་ཇེ་ཆེར་སོང་ཡོད་པ་དང་མཆེར་བ་སྦོས་པ་སོགས་མཐོང་ཐུབ། ཁྲག་པྲ་ལས་ཆ་ཤས་ཁྲག་དཀག་གདོད་རྩབས་སྐུལ་བྱེད་ཀྱི་དུས་ཚོད་ཇེ་རིང་ཡིན་པ། ཁྲག་ལེབ་ཆུང་བ་རྒྱུན་ཚད་ལས་དམའ་བ།

འཁྲུལ་སོ་བསལ་བ།

མཆིན་ནད་ལེབ་རྒན་དང་འཁྲུལ་སོ་བསལ་བ་ནི། ངན་ཁྲག་མཆིན་པར་བབས་པས་ནད་ཀྱི་འགྱུར་ཚུལ་འདྲ་ཡང་མཆིན་སྟེང་གི་རྩིབ་ཐུང་གཡས་གཡོན་སྦོ་ཞིང་ན་བ་དང་། ལུས་དང་མཆོག་མ་ལྕི་ཞིང་རོ་སྟོད་གཟེར་བ། སྟེང་བཏོན་རྡིབ་སྙམ་དང་འོག་བཅུག་འབུགས་སྙམ་བྱེད་པ། ཙོག་པུར་བསྡད་ན་ཐུར་དུ་འཐེན་པ་དང་འདྲ་བ། ཤ་སེར་བ་དང་མཁལ་རྐེད་མི་བདེ་སྒྱིད་འཁུམས་པ་བཅས་ཀྱི་ན་ལུགས་ལས་འཁྲུལ་སོ་སེལ་ནུས་སོ།།

མཆིན་པའི་ཁྲག་སྐྲན་དང་འཁྲུལ་སོ་བསལ་བ། མཆིན་པའི་ཁྲག་སྐྲན་ནི་དྭངས་མ་མ་ཞུ་བར་མཆིན་པར་ངན་ཁྲག་རྒྱས་པ་ཡིན་པས་ནད་ཀྱི་འགྱུར་ཚུལ་འདྲ་ཡང་འཕེལ་བ་སྐྱེན་ལ་གཡས་ནས་རིམ་པར་ཆགས་ཤིང་མིག་སེར་ལ་ཆུ་མདོག་དམར་བ་དང་གྲང་བའམ་དྲོས་ཚེ་རོ་རྒྱབ་དང་མཆིན་དྲི་སྦྲགས་ནས་ན་བ། ཤ་མདངས་སྔོ་ཞིང་སྐམ་ལ་སིངས་གླེག་ལྟ་བུ་ནལ་ནལ་བོ་སྐྱུགས་པ། སྐྲན་དེ་རྒྱས་ནས་མཁྲིས་ཡུལ་ཕྲོགས་ན་མིག་དང་ཆུ་མདོག་སེར་པོར་འགྲོ་བ་ལས་འཁྲུལ་སོ་སེལ་ནུས་སོ།།