//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ནད་གཞི་བརྟག་བཅོས། > མཆིན་པའི་ནད། > མཆིན་རྒུད། > ནང་དོན།

མཆིན་རྒུད།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-02-10 17:12:34 ཀློག་གྲངས། 51 

བཅོས་ཐབས།

གསོ་ཚུལ།

གཉན་ཁ་གཅོག་པ།   མཆིན་ཁམས་གསོ་བ།   ཟུངས་སྟོབས་བསྐྱེད་པ།

    གསོ་ཐབས།

ཟས། དྲོད་ལ་བཅུད་ཅན་དང་ཡང་ཞིང་འཇུ་སླ་བའི་རིགས་བསྟེན་པ།

སྤྱོད་ལམ། དྲོ་བའི་གནས་སུ་འདུག་པ་དང་རྩོལ་བཅག་རན་པར་བྱ།

སྨན། སེ་འབྲུ་དྭངས་གནས་དང་གུར་ཀུམ་བཅུ་གསུམ། གུར་ཀུམ་མཆོག་བདུན།བདུད་རྩི་བཅུ་གཅིག ཨ་གར་བརྒྱད་པ། རིན་ཆེན་མང་སྦྱོར། བཙོ་ཟླ་སོགས་རྒྱུན་སྤྱོད་སྨན་སྦྱོར་སྤྱི་དང་། དེ་བཞིན་རྒྱུད་ནས་བསྟན་པའི་སེ་འབྲུ་གཉིས་ཐང་། ཨ་རུ་གསུམ་པའི་སྨན་མར། ཡང་ན་སེ་འབྲུ་དྭངས་གནས་སྟེང་བཙོ་ཐལ་བོངས་ཆེར་བསྣན་པ་དང་། གུར་ཀུམ་བཅུ་གསུམ་སྟེང་བསེ་རུ་དང་ཤ་སྐམ། གི་ཝང་གསུམ་བུངས་བསྐྱེད་པ་སོགས་ནད་རྟགས་དང་ལུས་ཁམས།ན་ཚོད་བཅས་དང་བསྟུན་ནས་གསོ་བཅོས་བྱ་དགོས།

ཕན་འབྲས་ཚད་གཞི།

སངས་དྲག

གོང་གི་ནད་རྟགས་རྣམས་ཞི་བ་དང་ལུས་པོ་ཐ་མལ་དུ་ཚུད་པ།

སྐྱེད་ཆེ་བ།

ཟས་ཟོས་རྗེས་མཆིན་པ་ན་བ། ཆུ་དྲོན་སྐྱུག་ལ་གཡལ་མི་ཕྱིན་པ། ན་ཡུན་རིང་བ། མཆིན་ཁམས་རྒྱུན་དུ་མི་བདེ་བ། ཁོག་པ་སྦོས་བརྒྱངས་བྱེད་པ། ཟས་འཇུ་དཀའ་བ། ཟས་སྐོམ་སྣུམ་བཅུད་རིགས་ལ་ཞེན་ཁ་ལོག་པ། ལུས་ཤེད་ཉམས་པ་དང་སྒྱིད་ལུག་པ། ངོ་གདོང་དང་བྲང་ངོས། ཕོ་བའི་ངོས་སོགས་ལ་དམར་ཐིག་ཆུང་ཆུང་རྩ་རིས་ཅན་དོན་པ། མིག་སྤྲིན་དང་གདོང་མདངས་སྐྱ་སེར་ཆགས་པ། གསུས་རྩ་རྣམས་སྦོས་ཤིང་གསལ་བོ་མངོན་པ། རྐང་བོལ་སྐྲངས་པ། སོ་རྙིལ་སྐྲངས་པ་དང་ཁྲག་འབྱུང་བ། སྣ་ཁྲག་འོང་བ། པགས་པའི་ལྡེམ་ཤུགས་ཉམས་པ། ལུས་སྟེང་དུ་སྨུག་ཐིག་དོན་པ། མཐར་མཆིན་པའི་ནུས་པ་ཤོར་ནས་དྲན་པ་ཉམས་པ་བཅས་ཀྱི་ན་ལུགས་ལས་གང་གཙོ་ཆེར་བྱུང་བ་དེ་ཞི་ཞིང་། གཞོགས་འདེགས་བརྟག་དཔྱད་དང་རྩ་ཆུ་ལྕེའི་རྟགས་རྣམས་ཀྱང་ཕལ་ཆེར་ཐ་མལ་དུ་ཚུད་པ།

སྐྱེད་ཆུང་བ།

ནད་རྟགས་འགའ་རེ་ཞི་ཡང་རྩ་ཆུར་འགྱུར་ལྡོག་ཆུང་བ།

སྐྱེད་མེད་པ།

ཕན་སྐྱེད་ཅི་ཡང་མ་བྱུང་བའམ་ཇེ་སྡུག་ཏུ་ཕྱིན་པ།

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X