//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ནད་གཞི་བརྟག་བཅོས། > མཆིན་པའི་ནད། > ལྡེམ་བུ། > ནང་དོན།

ལྡེམ་བུ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-02-10 17:03:04 ཀློག་གྲངས། 31 

མཆིན་ནད་ལྡེམ་བུ་ཞེས་པ་ནི་མཆིན་པར་མཉེན་པོ་ཆགས་པའི་དོན་ལ་གོ་བས། མཆིན་པ་སྤྱིར་དུས་རྒྱུན་ཁྲོབ་ཁྲོབ་གཅིག་ཡོད་པ་ལ། མཆིན་པར་ཚད་རྙིང་ཞེན་ནས་ཁྲག་དང་རླན་གཤེར་གྱི་ཆ་ཉུང་དྲགས་ནས་མཆིན་པ་འཁུམས་པའམ་སྐེམ་དྲགས་ནས་མཆིན་པའི་ནུས་པ་ཤོར་བར་མ་ཟད། ངོ་བོ་ཆུང་དུ་སོང་བ་དང་། བསྐམས་ནས་མཆིན་པ་དེ་ཉིད་མཉེན་པོ་ལྡེམ་ལྡེམ་གཉེར་མ་ཅན་ཆགས་པ་ཞིག་ཡིན།

རྒྱུ་རྐྱེན།

རོ་ཚ་བ་དང་སྐྱུར་བའི་ཁ་ཟས་དང་། ལྕི་བ་དང་བཅུད་ཅན་རུལ་སུངས་སུ་གྱུར་པ། ཤ་རུལ། ཆང་འཐུངས་དྲགས་པ་དང་། སྤྱོད་ལམ་ངལ་དུབ་དང་དྲག་ཤུལ། མདོར་ན་ཁྲག་མཁྲིས་བསྐྱེད་པའི་ཟས་སྤྱོད་ཀྱིས་བསླངས་པ་རེད།

ནད་རྟགས།

ལུས་རྟགས།

ན་བ་མི་ཚོར་བ་སྟེ་མངོན་གསལ་མིན་པ། དེ་ནས་རིམ་བཞིན་གཉིད་མེད་པ། ཁོང་སྙོམ་པ་སྟེ་སྒྱིད་ལུག་པ། ལུས་ཁམས་ལྕི་ལ་ཟས་མི་འདོད་ཅིང་། དེའི་རྐྱེན་གྱིས་ལྟག་ཆུ་ཟད་པའི་རྫིང་བུ་བཞིན་ཁྲག་འདྲེས་པ། ཤ་དང་རུས་པ་ཁད་ཀྱིས་ཞེས་དལ་བུའམ་རིམ་གྱིས་བསྐམས་པའོ།།

རྩ་རྟགས།

འཕར་རྩའི་རྒྱུ་བ་ཕྲ་ལ་བྱིང་ཞིང་ཀན་རྩ་གྲིམས་པ།

ཆུ་རྟགས།

ཆུ་མདོག་ལ་དམར་སེར་རམ་དམར་ནག་དང་འདྲ་བའི་མངོན་ཚུལ་སོགས་འབྱུང་བ།

ལྕེ་རྟགས།

མིག་སྤྲིན་དང་ལྕེ་མདོག་སྐྱ་སེར་འབྱུང་།

གཞོགས་འདེགས་བརྟག་དཔྱད།

མཆིན་ཚད་ཁ་བའི་རྣམ་གྲངས་ལྔའི་ནང་HBsAg(+)དང་མཆིན་ནུས་ལས་ALT ASTརྒྱུན་ལྡན་ལས་ཇེ་མཐོར་སོང་བ། HBV-DNA(+)ཡིན་པ་དང་། ད་དུང་Bསྒྲ་བརྒལ་ལས་བརྟག་ན་མཆིན་པའི་དབྱིབས་སོགས་རྒྱུན་ལྡན་མིན་པ་ལ་གཞོགས་འདེགས་བྱེད་ཐུབ།

འཁྲུལ་སོ་བསལ་བ།

མཁྲིས་ཚད་དང་འཁྲུལ་སོ་བསལ་བ། ཟས་ཀྱི་དང་ག་འགགས་པ་དང་སྐྱུག་མེར་ལངས་པ། ཞོགས་པར་ཁ་ཏིག་ཁ་བ། ཁོག་པ་སྦོས་བརྒྱངས་བྱེད་པ། མགོ་ན་བ། ལུས་ཁམས་ལ་ཚ་དྲོད་རྒྱག་པ། སྒྱིད་ལུག་པ། གཞོགས་གཡས་ཀྱི་རྩིབ་གཞུའི་རྒྱུད་དུ་ན་ཟུག་གཏོང་བ། ལྷག་པར་ནད་ཚབས་ཆེ་སྐབས་མཁྲིས་པའི་རྒྱུད་དུ་ན་ཟུག་ཆེ་བ་དང་། མིག་སྤྲིན་དང་རྣ་རྒྱབ། ལྕེ་འོག་སོགས་སེར་པོར་ཆགས་པ། ལུས་ཁམས་ལ་ཟ་འཕྲུག་ལངས་པ།

མཆིན་ནད་ལེབ་རྒན་དང་འཁྲུལ་སོ་བསལ་བ། མཆིན་ཁམས་རྒྱུད་དུ་ན་ཟུག་གཏོང་བ། དེ་ལ་གནོན་ཟུག་ཡོད་པ་དང་མཆིན་ཁམས་ཆེར་རྒྱས་པ། ཚ་རྒྱག་པ། སྐོམ་དད་བྱེད་པ། མིག་སྤྲིན་དམར་སེར་ཆགས་པ། ལུས་ཁམས་ལྕི་བ། སྒྱིད་ལུག་པ། ཟས་ཀྱི་དང་ག་འགགས་པ། སྐྱུག་མེར་ལངས་པ། སྐྱུགས་སྙམ་བྱེད་པ། སྐབས་འགར་ཁོག་པ་སྦོས་པ། ཆང་འཐུངས་པ་དང་ལུས་ཁམས་འཁྲུགས་པ་སོགས་ཀྱིས་ཇེ་སྡུག་ཏུ་འགྲོ་བ། ནད་པ་མང་ཆེ་ཤས་ལ་མཆེར་བ་ཆེར་རྒྱས་པ་རེད།

བཅོས་ཐབས།

གསོ་ཚུལ།

ནད་དུག་སེལ་བ་དང་ཚད་རྙིང་འདོན་པ། མཆིན་ཁམས་གསོ་བའི་ཐབས་གཙོ་བོར་འཛིན་རྒྱུ།

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X