//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ནད་གཞི་བརྟག་བཅོས། > མཆིན་པའི་ནད། > ལེབ་རྒན། > ནང་དོན།

མཆིན་ནད་ལེབ་རྒན།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-02-10 17:01:59 ཀློག་གྲངས། 19 

མཆིན་ནད་ལེབ་རྒན་ཞེས་པ་ནི་ཚྭ་སྐྱུར་གྱི་ཟས་དང་ཆང་རག་སོགས་བསྟེན་དྲགས་པའི་རྐྱེན་གྱིས་ངན་ཁྲག་འཕེལ་ནས་མཆིན་པ་ཆེར་རྒྱས་པའི་ནད་ཅིག་ཡིན།

རྒྱུ་རྐྱེན།

ཚྭ་སྐྱུར་གྱི་ཟས་བསྟེན་དྲགས་པ་དང་། བཅུད་ཅན་དང་རུལ་སུངས་ཀྱི་ཟས་བསྟེན་དྲགས་པ། ཆང་རག་སོགས་འཐུང་དྲགས་པ་སོགས་ལས་བྱུང་།

ནད་རྟགས།

ལུས་རྟགས།

མཆིན་སྟེང་དང་རྩིབ་ཐུང་གཡས་གཡོན་གཉིས་ཀྱི་ཡུལ་དུ་སྦོ་ཞིང་ན་བ།

ལུས་སྤྱི་དང་མཚོག་མ་ལྕི་ཞིང་རོ་སྟོད་གཟེར་བ།

ན་ངོས་དེ་སྟེང་དུ་བཏོན་པའི་ཚེ་རྡིབ་སྙམ་དུ་སེམས་ཤིང་། འོག་ཏུ་བཅུག་ན་འབུགས་སྙམ་བྱེད་པའི་ན་ཟུག་གཏོང་བ་དང་། ཙོག་པུར་བསྡད་ན་ཐུར་དུ་འཐེན་པ་དང་འདྲ་བ།

མཇུག་ཏུ་ངན་ཁྲག་རྒྱས་ཤིང་འཕེལ་བས་པགས་པ་དང་མིག་སེར་པོར་འགྱུར་བ།

རྩ་རྟགས།

འཕར་རྩའི་རྒྱུ་བ་གྲིམས་ལ་ཀན་རྩ་འབུར་བ།

ཆུ་རྟགས།

ཆུ་མདོག་སེར་ཞིང་དྲི་མ་ཅུང་དུགས།

ལྕེ་རྟགས།

ལྕེ་མདོག་དམར་ལ་དྲེག་པ་སྐྱ་བོ་ཆགས་པ།

གཞོགས་འདེགས་བརྟག་དཔྱད།

Bསྒྲ་བརྒལ་སོགས་ལས་མཆིན་པ་ཆེར་རྒྱས་པ་མངོན། སྙིང་གི་གཟུགས་དབྱིབས་ཇེ་ཆེར་ཡིན་པ། མཆིན་པའི་གནས་སུ་གནོན་གཟེར་མངོན་པ། རྐང་བ་སྐྲངས་པ།

འཁྲུལ་སོ་བསལ་བ།

མཆིན་ནད་དུག་ཐབས་དང་འཁྲུལ་སོ་བསལ་བ། བྱང་ཁོག་གཡས་སྟོད་ཀྱི་མཆིན་ཁམས་རྒྱུད་དུ་གང་ཡོད་པ་ལྟ་བུའི་བདེ་བོ་མེད་པ་དང་གཟེར་བ། མུར་གོང་དང་རྐང་ལག་གི་མཐིལ་བཞིར་སེར་སྐྱ་ཆགས་པ། ལུས་ཁམས་ཀྱི་པགས་པའི་སྐྱི་འོག་ཏུ་ཁྲག་འཛིར་བ། གཉིད་ཀྱིས་གཟིར་བ། མཆིན་པ་འཁུམས་ནས་ཇེ་ཆུང་དུ་འགྲོ་བ་དང་། ཁྲག་རུལ་སྐྱུགས་པ། སྐབས་རེར་དྲན་པ་ཐོར་བ་སོགས་ལས་འཁྲུལ་སོ་བསལ་དགོས།

མཆིན་པ་སྨུག་པོ་དང་འཁྲུལ་སོ་བསལ་བ། མཆིན་པར་ངན་ཁྲག་རྒྱས་པའི་ཆ་ནས་འདྲ་ཡང་མཆིན་པ་སྨུག་པོ་ནི་མཆིན་དྲི་རོ་རྒྱབ་ན་བ། ཚིགས་པ་རྣམས་མཉེ་ན་ཕན་སྙམ་བྱེད་པ། མེ་དང་ཉི་མ་དྲོད་བཅུད་ཀྱི་རིགས་ལས་བསླངས་ཤིང་མཆིན་པ་རྒྱས་ནས་སྲ་ཁེངས་སྐྲན་ལྟར་ན་བའོ།།

བཅོས་ཐབས།

གསོ་ཚུལ།

མཆིན་ཚད་སེལ་བ།

མཆིན་ཁམས་བསྲུང་བ།

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X