//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ནད་གཞི་བརྟག་བཅོས། > ཀླད་སྙིང་ནད། > སྙིང་ནད་ཁྲག་གཟེར། > ནང་དོན།

སྙིང་ནད་ཁྲག་གཟེར།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-02-10 14:29:24 ཀློག་གྲངས། 32 

སྙིང་ནད་ཁྲག་གཟེར་ནི་ཁྲག་རྣམས་གར་བ་རུ་སོང་སྟེ་ཟུངས་ཀྱི་དྭངས་མ་རྒྱུ་བའི་སྙིང་རྩ་དེར་འཁར་འགག་པདང་། ཁྲག་རྩའི་སྦུབས་ལ་བད་ཀན་བེ་སྣབས་རྒྱས་པ་ལས་རྩ་སྦུབས་ཕྲ་མོར་གྱུར་པས། གནས་ངེས་ཅན་གྱི་ཤ་སྒྲོམ་གྱི་བྱེད་ལས་ཉམས་པ་བཅས་ཀྱིས་སྙིང་ལ་ཟུག་གཟེར་ཡང་ཡང་ལངས་ནས་སྲོག་ལ་མྱུར་དུ་རྒོད་པའི་ནད་ཅིག་ཡིན།

རྒྱུ་རྐྱེན།

དུས་ཡུན་རིང་བོའི་ནང་མར་དང་ཕག་ཤ་སོགས་ཚིལ་ཞག་ཆེ་བའི་ཟས་སྐོམ་རིགས་བསྟེན་དྲགས་པ། ལུས་ཁམས་ཚོ་ཆེ་བ། རྩོལ་བཅག་མ་བསྟེན་པར་དལ་བུར་འདུག་དྲགས་པ། སེམས་ཁམས་ལ་ཕོག་ཐུག་ཆེན་པོ་བཏང་བ་བཅས་ཀྱིས་བསླངས་པའོ།།

ནད་རྟགས།

ལུས་རྟགས།

ལྕེ་སྐམ་ཞིང་ཕུར་བ་བཙུགས་པ་ལྟར་དུ་གཟེར་བ། འབུར་ཚུགས་སུ་བལྟ་ཞིང་རྔམ་པ་རྒོད་ལ་ཞེ་འཁུན་བྱེད་པ།

རྩ་རྟགས།

འཕར་རྩའི་རྒྱུ་བ་ཕྲ་ལ་མགྱོགས་ཤིང་འདར་བ།

ཆུ་རྟགས།

ཆུ་དམར་སེར་རྙོགས་པ། ལྦུ་བ་ཆེ།

ལྕེ་རྟགས།

ལྕེ་སྐམ་ལ་རྩུབ་པ།

གཞོགས་འདེགས་བརྟག་དཔྱད།

སྙིང་གི་པར་རིས་ལས་དོན་གྱི་སྟེང་གི་གནས་ངེས་ཅན་དུ་ཟུངས་ཁྲག་ཟད་པ་དང་རྩ་ཡི་རྒྱུ་ལམ་འགགས་པའམ་སྐབས་སུ་འཆོལ་བ་སོགས་བྱུང་བ་ཡིན། Xསྙིང་པར་ལས་སྙིང་གཟུགས་ཆེར་རྒྱས་སམ་གློ་ཁྲག་རྒྱས་པ་མངོན། དེ་མིན་སྙིང་གི་དཔྲོག་རྩ་ལ་འཕྲུལ་ཆས་ཀྱིས་བརྟག་ཚེ་རྩ་འགགས་པ་སོགས་མཐོང་རྒྱུ་ཡོད།

འཁྲུལ་སོ་བསལ་བ།

ཁྲག་ཤས་ཆེ་བའི་སྟོད་འཚངས་དང་འཁྲུལ་སོ་བསལ་བ། བྲང་རྒྱབ་གཟེར་ཞིང་ལྟག་མདུན་ན་བ། རྔམ་པ་རྒོད་ཅིང་དབུགས་མི་བདེ་ལ་སྟོད་དུ་འཚངས་པ་ལས་ཤེས་ཐུབ།

    རླུང་ཤས་ཆེ་བའི་སྙིང་གཟེར་དང་འཁྲུལ་སོ་བསལ་བ། མགོ་ཡུ་འཁོར་ཞིང་སྟོད་གཟེར་ལ་རྔམ་པ་ཐུང་ལ་ཆེ་བ། མིག་རྩ་རྒོད་ཅིང་ཁ་ལྕེ་སྐམ་ལ་རྩུབ་པ་ལས་ཤེས་ཐུབ།

བཅོས་ཐབས།

གསོ་ཚུལ།

ན་ཟུག་གཅོག་པ་དང་ཁྲག་སྣུམ་སྟེ་བན་ཀན་འཇམ་འབྱར་གཅོད། ཁྲག་གི་འཁོར་རྒྱུག་བདེ་བར་གཏོང་བ་བཅས་ཡིན།

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X