//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ནད་གཞི་བརྟག་བཅོས། > ཀླད་སྙིང་ནད། > སྙིང་ཚད། > ནང་དོན།

སྙིང་ཚད།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-02-10 14:28:18 ཀློག་གྲངས། 26 

ཆང་རག་བསྟེན་དྲགས་པ་དང་ཆམ་རིམས་དུས་ཡུན་རིང་བོར་གསོ་བཅོས་མ་བྱས་པ་སོགས་ལས་ཚ་བ་སྙིང་ལ་བབས་པའི་ནད་ཅིག་ཡིན།

རྒྱུ་རྐྱེན།

ཆང་སོགས་ཟས་སྐོམ་ཚྭ་སྐྱུར་རིགས་བསྟེན་དྲགས་པ་དང་བསམ་བློར་ཕོག་ཐུག་བྱུང་བ། ཆམ་རིམས་སོགས་རྙིངས་ནས་སྙིང་ལ་ཞེན་པ་སོགས་ཀྱིས་བསླངས་པའོ།།

ནད་རྟགས།

ལུས་རྟགས།

བྲང་དང་རྒྱབ་ལ་མེ་བཏང་བ་དང་འདྲ་བར་ཚ་འུར་རྒྱག་པ། སྙིང་ལ་ན་ཟུག་གཏོང་བ་དང་མིག་སྤྲིན་དམར་པོ་ཆགས་པ། གདོང་དང་བྲང་ལ་སྲིན་ཐོར་ཡོང་བ།

སྙིང་གཡུགས་པ། འཚིག་པ་ཟ་ལ་གློ་སྙིང་མི་བདེ་ལ་ཤེས་པ་འཚུབ་པ། དང་ག་འགགས་ལ་ནུ་མའི་སྟེང་དུ་གཟེར་བ། གཉིད་དང་སྐོམ་དད་ཆེ་ལ་ཟས་ཀྱི་དྲི་མི་ཚོར་བ་བཅས་འབྱུང་བ་ཡིན།

རྩ་རྟགས།

རྩ་རྒྱུད་མགྱོགས་ལ་སྙིང་རྩ་གྲིམས་པ་ཡིན།

ཆུ་རྟགས།

ཆུ་དཀར་སེར་ལྦུ་བ་སངས་སྐྱེན་པ་སོགས་ཀྱི་མངོན་ཚུལ་ཡིན།

ལྕེ་རྟགས།

ལྕེ་ཐུང་ལ་ལྕེ་མཆུ་སྐམ་པ་དང་ལྕེ་གཞུང་ལ་དྲེག་པ་ནག་པོ་ཆགས་པ་།

གཞོགས་འདེགས་བརྟག་དཔྱད།

སྙིང་གི་པར་རིས་ལས་གཉིས་ཡན་ཆད་ཀྱི་འདྲེན་འབྲེལ་STདུམ་ཚན་ཆུ་སྙོམས་ཀྱི་དབྱིབས་སམ་འོག་གསེག་གི་རྣམ་པར་འོག་སྤོ0.05mV ཡང་ན་STདུམ་ཚན་རྒྱུན་འགལ་མཐོར་འདེགས་དང་རྒྱུན་འགལQརླབས་མངོན་པ། དྭངས་ཁྲག་ལས་སྙིང་ཤའི་ཤ་ཀལ་སྤྲི་དཀར་Iདང་ཤ་ཀལ་སྤྲི་དཀརTCK-MBམངོན་གསལ་དེ་ཇེ་མཐོ་ཡིན་པ།

Bསྒྲ་བརྒལ་གྱི་པར་རིས་ལས་སྙིང་ཁོག་ཇེ་ཆེ་དང་སྙིང་གི་བྱེད་ལས་ཞན་པ་སོགས་མཐོང་ཐུབ།

འཁྲུལ་སོ་བསལ་བ།

སྙིང་ཚད་དང་སྙིང་གཟེར། གློ་ཚད་ལ་ནོར་ཉེན་ཆེ་སྟེ། སྤྱིར་རོ་སྟོད་གཟེར་ལ་ནུ་མའི་སྟེང་དུ་ན་བ་དང་། གཉིད་དང་སྐོམ་དད་ཆེ་བ། གློ་སྙིང་མི་བདེ་བ་སོགས་མངོན། ཁྱད་པར་སྙིང་ཚད་བྲང་དང་རྒྱབ་ལ་མེ་བཏང་བ་དང་འདྲ་བར་ཚ་འུར་རྒྱག་པ། གདོང་དང་བྲང་ལ་སྲིན་འཐོར་ཡོང་བ། སྙིང་གཡུགས་པ་བཅས་ཀྱི་རྟགས་མངོན་པ་དང་། སྙིང་གཟེར་ནི་མིག་གིས་འབུར་ཚིགས་སུ་བལྟ་ཞིང་དབུགས་རྒོད་ལ་ཞེན་འཁུན་བྱེད་པ་དང་། གློ་ཚད་ནི་བྲང་དང་མིད་པའི་གནས་སུ་ཚ་ཙག་བྱེད་པ་དང་ཁྱད་པར་གློ་ལུ་ཞིང་དབུགས་མི་བདེ་བ་སོགས་ཀྱིས་འཁྲུལ་སོ་བསལ་དགོས།

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X