//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ནད་གཞི་བརྟག་བཅོས། > ཕོ་རྒྱུའི་ནད། > རྒྱུ་རྒན། > ནང་དོན།

རྒྱུ་རྒན།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-02-10 9:35:36 ཀློག་གྲངས། 27 

རྒྱུ་རྒན་གྱི་ནད་ནི་རྒྱུ་མར་ཚ་བ་ཞུགས་པ་དང་མ་ཞུ་གྲང་བས་བསྐྱེད་པ། རྒྱུ་མའི་ནད་དུས་ཐོག་ཏུ་མ་དྲག་པའམ་ཡང་ན་བསིལ་སྨན་ཐལ་ཆེས་པ་སོགས་ཀྱིས་ཡུན་རིང་བཤལ་བའི་རྒྱུ་མའི་ནད་རྙིང་ཞིག་རེད།

རྒྱུ་རྐྱེན།

ཟས་སྐོམ་ཚྭ་སྐྱུར་དང་། རུལ་སུངས་སུ་གྱུར་པ། གྲང་མོ་དང་བསིལ་ཆེ་བའི་རིགས་བསྟེན་དྲགས་པ། རྒྱུ་ཚད་སོགས་རྒྱུ་མའི་ནད་རིགས་ལ་དུས་ཐོག་ཏུ་སྨན་བཅོས་ཡག་པོ་མ་བྱས་པར་ཡུན་རིང་ལུས་པ་བཅས་ཡིན།

ནད་རྟགས།

ལུས་རྟགས།

རྒྱུན་ཏུ་ཁོག་པ་བཤལ་བ་དང་གང་ཟོས་བཤལ་བ། བཤལ་རྗེས་ཕལ་ཆེ་བར་ན་གཟེར་མེད་པ། འཁྱགས་པའི་རིགས་དང་སྣུམ་ཟས་ཟོས་ཚེ་ལྷག་པར་བཤལ་བ། བཤལ་ནས་ལུས་སྟོབས་འཆོར་ཞིང་ཟུངས་ཁྲག་ཟད་པ། བཤལ་ཡུན་རིང་ལ་དུས་མང་བོ་འགོར་བ།

རྩ་རྟགས།

འཕར་རྩའི་རྒྱུ་བ་ཕྲ་ལ་རྩ་སྨད་ཞན་པ།

ཆུ་རྟགས།

དྲི་ཆུའི་མདོག་དཀར་ཞིང་སེར་ལ་ངོ་བོ་ཉོག་པ། ལྦུ་བ་སོབ་ཅིང་སྒྲ་ཆེ་བ་སོགས་ཀྱི་རྟགས་ཡོད།

ལྕེ་རྟགས།

ལྕེ་གཞུང་ལ་དྲེག་པ་དཀར་སྲབ་ཆགས་པ།

གཞོགས་འདེགས་བརྟག་དཔྱད།

རྒྱུ་ཤེལ་བརྟག་དཔྱད་ལས་རྒྱུ་མའི་ནང་སུལ་གྱི་གནས་སུ་འཇམ་ལ་བཤེར་བག་དང་དབུགས་སྦྲགས་མར་གནས་ནས་རྒྱུ་མ་སྦོས་བརྒྱངས་བྱེད་པ་དང་། རྒྱུ་རྩི་ལ་སྐྱོན་ཤོར་ཡོད་པ་བཅས་ཀྱི་རྟགས་མངོན་ཐུབ། དེང་རབས་ཀྱི་ཁྲག་པྲ་བརྟག་དཔྱད་ལས་ཕྲ་ཕུང་དཀར་པོ་རྒྱུན་ལྡན་གྱི་ཚད་གཞི་ལས་མཐོ་བ་དང་། Na+K-CIསོགས་ཀྱི་རྟགས་འབྲས་ཀྱང་རྒྱུན་ལྡན་མིན་པའམ་འགྱུར་ལྡོག་བྱུང་ཡོད།

འཁྲུལ་སོ་བསལ་བ།

རྒྱུན་དུ་ཁོག་པ་བཤལ་བ་དང་གང་ཟོས་བཤལ་བ། བཤལ་དུས་ཕལ་ཆེ་བར་ན་གཟེར་མེད་པ། འཁྱགས་པའི་རིགས་དང་སྣུམ་ཟས་ཟོས་ཚེ་ལྷག་པར་བཤལ་བ། ལུས་སྟོབས་འཆོར་བ། ཟུངས་ཁྲག་ཟད་པ། བཤལ་ཡུན་ལོ་དུས་མང་པོ་འགོར་བ་ཅན་ཡོད་སྟབས་རྒྱུ་ཚད་དང་། རྒྱུ་གཟེར། ཕོ་རླུང་། ཕོ་བའི་བད་ཀན་དང་འཁྲུལ་སོ་བསལ་དགོས་ཏེ།

རྒྱུ་ཚད་ནི་རྒྱུ་མར་ན་ཟུག་གཏོང་བ་དང་མཉམ་དུ་བཤལ་བ། བཤལ་རྗེས་ན་ཟུག་ཆུང་ངུར་འགྲོ་བ། བེ་སྣབས་དང་ཁྲག་འདྲེས་པ། ཚ་རྒྱག་པ། ཟས་མི་འདོད་པ།

རྒྱུ་གཟེར་ནི་ཚ་གཟེར་གྱིས་ཐུར་དུ་བཤལ་བ། མགོ་དང་ཚིགས་གཞི་ན་བ། གྲང་ཤུམ་བྱེད་པ། ཚ་བ་རྒྱག་པ། སྐོམ་དད་ཆེ་བ། ཁྲག་དང་བེ་སྣབས་འཁྲུ་ལ་རྒྱུ་མར་གཟེར་ཟུག་དྲག་པོ་རྒྱག་པ། འཁྲུ་བོངས་ཆུང་ལ་གྲངས་མང་བ།

ཕོ་རླུང་ནི་ཁོག་པ་སྦོ་ཞིང་སྟོང་སྒྲེགས་བྱེད་པ། སྟོངས་སྐྱུགས་བྱེད་ལ་སྐབས་རེར་སྒྲ་དང་བཅས་འཁྲོག་ཅིང་འཁྲུ་བ། ལྷག་པར་ལྟོགས་དུས་ན་ལ་ཟས་ཟོས་རྗེས་བདེ་སྙམ་བྱེད་པ།

ཕོ་བའི་བད་ཀན་ནི་ཕོ་བར་འཚིང་སྒྲེགས་མང་ཞིང་ཟས་མི་འཇུ་བ། ཁྱད་པར་བསིལ་ཟས་དང་འཇུ་དཀའ་བའི་རིགས་ཟོས་རྗེས་ན་བ་དང་། ལུས་རྔུལ་གྲང་རྗེས་ན་བ། ཟས་ལ་འཁྲེན་ཡང་ཟོས་མ་ཐག་ཏུ་འབྱར་བག་ཅན་སྐྱུགས་པ་དང་ཟས་མདོག་ལྟར་འཁྲུ་བ་ཡིན།

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X