//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ནད་གཞི་བརྟག་བཅོས། > ཕོ་རྒྱུའི་ནད། > མ་ཞུ་བ། > ནང་དོན།

མ་ཞུ་བ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-02-10 9:18:28 ཀློག་གྲངས། 40 

མ་ཞུ་བ་ནི་ཕོ་བའི་མེ་དྲོད་གསུམ་གྱི་མཐུ་ཉམས་ནས་ཟས་སྐོམ་གྱི་རིགས་མྱག་བཞུ་ལེགས་པོ་མ་བྱུང་བས་དྭངས་སྙིགས་འབྱེད་མ་ནུས་པའི་ནད་ཀྱི་མིང་།

རྒྱུ་རྐྱེན།

གློ་བུར་དུ་མང་ཟ་མང་འཐུང་བྱེད་པ་དང་།   ཡང་ན་རྗེན་པ་ད་ང་བཙོག་པ།   མ་འཚོས་པ།   གྲང་མོ།   རུལ་སུངས་སུ་ཕྱིན་པ་སོགས་འཇུ་དཀའ་བའི་ཟས་སྐོམ་རིགས་བསྟེན་དྲགས་པ་དང་།   ཟས་སྔ་མ་མ་ཞུ་ཕྱི་མ་ཟོས་པ།   ལུས་ཁམས་འཁྱགས་པ།   ལུས་ཁམས་ཀྱི་འགུལ་སྐྱོད་ཆུང་དྲགས་པ།

ནད་རྟགས།

ལུས་རྟགས།

སྒྱིད་ལུག་ཅིང་ལུས་ལྕི་ལ་ཡི་ག་སྔར་ལས་ལྡོག་པ།    དྲི་མ་འགགས་པའམ་ཡང་ན་དུས་མིན་དུ་འབྱུང་བ།    འོག་རླུང་ཐོན་དཀའ་བས་འཁྱིལ་ཞིང་ཁོང་པ་སྦོ་བ་དང་།   སྐབས་འགར་འགྲངས་རྗེས་བོངས་ཆེར་འཁྲུ་བ།   དྭངས་མ་དང་སྙིགས་མ་འདྲེས་པས་བཤང་གཅི་ཞག་ཅན་དུ་འབྱུང་བ།   ཁ་ཟས་གང་ཞིག་ཟོས་དུས་ན་ཞིང་སྒྲེགས་པ།   མགོ་བོ་ན་བ་སོགས་འབྱུང་བ་ཡིན།

སྤྱིར་མ་ཞུ་གསར་བའི་རིགས་ཀྱི་རྩ་ནི་རྩ་རྒྱུད་སྦོམ་ཞིང་དལ་བ་དང་།    མ་ཞུ་རྙིང་པར་རྩ་ཤེད་ཆུང་ཞིང་རྩ་རྒྱུད་ཕྲ་བ་ཡིན།

དྲི་ཆུའི་ཁ་དོག་དམར་སེར་ཅན་ལ་སྤྲིས་མ་མཐུག་པ།

ཞིབ་ཏུ་མནམ་ཚེ་ཟས་ཀྱི་བྱེ་བྲག་གང་ཞིག་མ་ཞུ་བ་དེའི་དྲི་ངད་ཅུང་ཟད་ཚོར་བ།

གཞོགས་འདེགས་བརྟག་དཔྱད།

ནད་འདི་ཡུན་འགོར་བ་དང་སྨན་དཔྱད་དུས་ཐོག་ཏུ་མ་འབྱོར་བ་བཅས་ཀྱི་རྐྱེན་གྱིས་ལུས་ཀྱི་སྟོབས་དང་ཕོ་བའི་མེ་དྲོད།   ལུས་ཀྱི་དྲོད་ཆུང་བ་དང་།   བསིལ་བའི་ཟས་སྤྱོད་དང་སྨན་དཔྱད་ཐལ་དྲགས་པ་བསྟེན་པའི་ལོ་རྒྱུས་ཡོད་ན་ནད་འདིར་ངེས་ཏེ།   གོང་གི་བད་ཀན་ལྷེན་དང་ལྕགས་དྲེག་ལས་ཚབས་ཆེན་ཕྱིན་ཡོད་པ་ཞིག་རེད།   མེ་དྲོད་ཀྱི་མཐུ་ཉམས་པས་ཟས་འཇུ་བའི་སྟོབས་ཞན་ཞིང་གང་ཡང་མ་སྨིན་པར་ཐུར་དུ་འཁྲུ་བ།   འཁྲུ་བ་དང་ན་བའི་ཡུན་ལོ་ཕྱེད་དམ་ལོ་གཅིག་ཡན་འགོར་བ་ཅན་ནི་ནད་འདི་ཡིན་པར་བརྟག་དགོས་སོ། །   ཕོ་ཤེལ་བརྟག་དཔྱད་ལས་ཅུང་གསལ་བོར་མངོན་ཐུབ།

འཁྲུལ་སོ་བསལ་བ།

ཕོ་བའི་བད་ཀན་དང་འཁྲུལ་སོ་བསལ་བ།    ཕོ་བའི་བད་ཀན་ནི་འཚིང་ཞིང་སྒྲེགས་པ་བྱེད་ལ་ཟས་མི་འཇུ་ཞིང་།    ཁྱད་པར་དུ་བསིལ་ཟས་འཇུ་དཀའ་བའི་རིགས་ཟོས་རྗེས་དང་རྔུལ་གྲང་ལངས་རྗེས་ན་བ།   ཟས་ལ་འཁྲེན་པ་ཞེས་ཟ་འདོད་ཆེ་ལ་ཟོས་འཕྲལ་ཡུན་མ་ལོན་པར་ན་བར་བྱེད་ཅིང་།   འབྱར་བག་ཅན་དུ་སྐྱུགས་པ་དང་འཁྲུ་བའང་བྱེད།    ཡང་ན་ཁ་ཟས་ཟོས་པ་དེ་མ་སྨིན་པར་རྩམ་པ་རང་དུ་འཁྲུ་བ་ལས་འཁྲུལ་སོ་སེལ་ནུས་སོ། །

ཕོ་རླུང་དང་འཁྲུལ་སོ་བསལ་བ།   སྦོ་ཞིང་སྟོང་སྒྲེགས་བྱེད་པ་དང་།   འབྲབ་བ་བཞིན་དུ་ན་ཞིང་སྟོང་སྐྱུགས་བྱེད་པ།   ཡང་ན་སྒྲ་བཅས་འཁྲོག་ཅིང་འཁྲུ་བ་ཡིན་པས་འཁྲུལ་སོ་སེལ་ཐུབ།

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X