//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ནད་གཞི་བརྟག་བཅོས། > ཕོ་རྒྱུའི་ནད། > ཕོ་སྨུག > ནང་དོན།

ཕོ་སྨུག

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-02-10 9:04:30 ཀློག་གྲངས། 38 

ཕོ་བ་སྨུག་པོ་ཞེས་པ་ནི་འདུས་ནད་སྨུག་པོའི་ནད་དེ་ཕོ་བའི་གནས་སུ་བྱུང་བ་ཡིན་ལ། ནད་འདི་ཕོ་ཚད་ཀྱི་ནད་དུས་ཐོག་ཏུ་མ་བཅོས་པར་ནད་ཡུན་རིང་བས་བསླངས་པ་མང་ཞིང་། ནད་དངོས་ལ་གཞིགས་ན་ཕོ་བར་རྨ་རུལ་དོན་པ་ཡིན་པས་ཡུན་བསྲིངས་ནས་གསོ་བཅོས་བྱེད་དགོས་པའི་ནད་ཅིག་ཡིན།

རྒྱུ་རྐྱེན།

ཆང་རག་དང་སུར་པན་སོགས་ཚྭ་སྐྱུར་རུལ་བ་དང་། སྐམ་རིད་ཅན་དང་། དུས་མིན་ཟོས་པ། ལྟོགས་དྲགས་པ། བརྒྱགས་དྲགས་པ།  འགྲངས་པར་ཟོས་རྗེས་དལ་བུར་བསྡད་པ་དང་། ཕོ་བའི་ཆུ་སྐྱུར་མང་དྲགས་པ། དེ་མིན་རྡོ་སྣུམ་སོགས་ཕོ་བའི་རྩི་པགས་ལ་གནོད་འཚེ་གཏོང་བའི་དངོས་རིགས་ཁོག་ཏུ་ཤོར་བ། རླན་སྟེང་དུ་ཡུན་རིང་ཉལ་བ་དང་། མ་ཞུ་བའི་དུས་འགྱངས་པ། ཉིན་པར་གཉིད་ལོག་པ། ཆུ་གྲང་མོར་ཞུགས་མང་བ། གོས་སྲབ་གྱོན་ཏེ་གྲང་འཁྱགས་ཀྱི་གནས་སུ་འདུག་ཡུན་རིང་བ་སོགས་ཀྱིས་བསླངས་པའོ།།

ནད་རྟགས།

ལུས་རྟགས།

རྒྱུན་དུ་ཕོ་བ་ན་ལྷང་ངེར་སྡོད་པ་དང་། བྲང་ཚ་ལངས་པ། ཆུ་སྐྱུར་སྐྱུགས་པ། ཁོང་སྦོ་ཞིང་བརྒྱངས་པ། ཡར་སྒྲེགས་པ། ཆང་རག་འཐུངས་བ་དང་ལུས་ཁམས་འཁྱགས་་པ། གནམ་གཤིས་འགྱུར་ལྡོག་བྱུང་བ་སོགས་ཀྱི་སྐབས་སུ་ནད་གཞི་ཇེ་སྡུག་ཏུ་འགྲོ་བ། མདུན་རྒྱབ་སྦྲགས་ཏེ་ན་བ། ཕོ་བར་གནོན་ཟུག་ཡོད་པ། གསུས་ཤ་མཁྲེགས་པོར་འགྱུར་བ། ཡང་ན་གཟེར་ཟུག་དྲག་པོ་ལངས་ནས་ཁྲག་རུལ་སྐྱུགས་པ།

ཁྱད་པར་དུ་ཆུ་སྐྱུར་ལངས་པ་དང་། ཁྲག་རུལ་དུད་ཁུ་སྐྱུགས་པ། བཤང་བ་སྐམ་ནག་ཤ་རུལ་འདྲ་བ་ཆགས་པ། ན་ཟུག་ཡོད་པ་བཅས་ནི་ཕོ་སྨུག་སྤྱིའི་ཁྱད་ཆོས་གཙོ་བོ་ཡིན། ཕོ་བ་སྨུག་པོ་ཡིན་ན་རྨ་རུལ་མང་ཆེ་བ་ཕོ་བའི་རྫེམས་སུ་དོན་པ་དང་། ལྷེན་སྣའི་གཤམ་དཀྱིལ་ནས་མནན་ཚེ་ན་ཟུག་དེ་གཞོགས་གཡོན་ངོས་སུ་ཡོད་པ། ཟས་ཟོས་པའི་རྗེས་སུ་ན་ཟུག་ལྡང་བ། ཁྲག་དང་དུད་ཁུ་སྐྱུགས་པ་སོགས་ཀྱི་མངོན་ཚུལ་ཡོད།

རྩ་རྟགས།

འཕར་རྩའི་རྒྱུ་བ་སྦོམ་ལ་ཁེངས་ཤིང་ཀན་རྩ་ཞར་བ།

ཆུ་རྟགས།

དྲི་ཆུའི་མདོག་དམར་སེར་རམ་ཡང་ན་སྨུག་ལ་དྲི་མ་དུགས་པ་བཅས་ཀྱི་མངོན་ཚུལ་ཡོད།

ལྕེ་རྟགས།

ལྕེ་མདོག་དམར་ལ་དྲེག་པ་དཀར་པོ་ཆགས་པ།

གཞོགས་འདེགས་བརྟག་དཔྱད།

ཕོ་ཤེལ་བརྟག་ཆས་ལས་ཕོ་བའི་ནང་སུལ་དུ་རྨ་རུལ་ཡོད་པ་དང་། རྨ་རུལ་མང་ཆེ་བ་ཕོ་བའི་རྫེམས་སུ་དོན་པ་དང་། ཕྲ་མཐོང་ཆེ་ཤེལ་ལས་བཤང་བར་བརྟག་དཔྱད་བྱས་ན། བཤང་བའི་ནང་ཁྲག་འདྲེས་པ་མཐོང་ཐུབ། གཞན་དོན་སྒོ་དུང་འཁྱིལ་ནར་སྲིན་ཡང་བརྟག་དཔྱད་བྱས་ཆོག

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X