//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ནད་གཞི་བརྟག་བཅོས། > ཕོ་རྒྱུའི་ནད། > ཕོ་རུབ། > ནང་དོན།

ཕོ་རུབ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-02-10 9:02:36 ཀློག་གྲངས། 38 

ཕོ་རུབ་ནི་བད་ཀན་བེ་སྣབས་འཕེལ་ཏེ་ལྷེན་སྣའི་འོག་ཏུ་ཚོགས་པའམ། ཡང་ན་ཕོ་བའི་ནང་དུ་ལྕགས་ཀྱི་དྲེག་པ་ཆགས་པ་ལྟ་བུ་སོགས་མེ་དྲོད་རྣམ་གསུམ་གྱི་མཐུ་དང་ནུས་པ་ཉམས་པའམ་ཕོ་ཚད་ཀྱི་ནད་དུས་སུ་བཅོས་བསྐྱེད་མ་བྱུང་བས། ཕོ་བའི་ནང་སུལ་གྱི་ཆ་ཤས་སོགས་ལ་འཁུམས་རུབ་བྱུང་བའི་ནད་ཅིག་རེད།

རྒྱུ་རྐྱེན།

ངལ་བ་ཆེན་པོས་དུབ་པ་དང་། རླན་གྲང་ཆེ་བའི་གནས་སུ་བསྡད་དྲགས་པ། བཟའ་ཆེས་པའམ་སྔ་མ་མ་ཞུ་བར་ཕྱི་མ་ཟོས་པ་དང་། ཁ་ཟས་མ་འཕྲོད་པ་སོགས་ལས་བྱུང་། གཞན་ཡང་ཕོ་ཚད་ཀྱི་རིགས་དུས་ལྟར་མ་བཅོས་པར་དུས་ཡུན་འགོར་འགྱངས་སུ་སོང་ན་ཕོ་རུབ་ཏུ་འགྱུར་ཉེན་ཆེ།

ནད་རྟགས།

ལུས་རྟགས།

ཕོ་བ་ན་ལྷང་ངེར་སྡོད་པ་དང་ཚ་འབྲབ་བྱེད་པ། ན་ཟུག་གཏོང་བ། ལྷེན་གསང་དུ་ན་བ། སྦོས་བརྒྱངས་བྱེད་པ། སྐབས་འགར་མཚན་དགུང་དང་མཚན་ཕྱེད་ལ་ལྷག་པར་ན་བ། སྨུག་པོ་ལྡན་ཚེ་བྲང་ཚ་ཆུ་སྐྱུར་འབྱུང་བ་ལས་གཞན་ལ་རྟགས་དེ་མེད་ཅིང་འགའ་ཞིག་ལ་ལུས་སྟོབས་ཉམས་འགྲོ་བའི་རྟགས་ཡོད།

དུས་སུ་མ་བཅོས་ཚེ་ནད་འགྱུར་བྱུང་ནས་ཕོ་འབྲས་སུ་འགྱུར་ཉེན་ཆེ་བ་དང་། མང་ཆེ་བར་རྩ་རྒྱུད་ཞན་ཞིང་ཀན་རྩ་ཅུང་འབུར་བ།

རྩ་རྟགས།

རྩ་སྟོང་ཞིང་སྦོམ་ལ་ཁེངས་པ། ཡང་ན་ཀན་རྩ་ཞར་བ་སོགས་ཀྱང་འབྱུང་སྲིད།

ཆུ་རྟགས།

དྲི་ཆུའི་མདོག་དཀར་སེར་ཅན་ལ་ཀུ་ཡ་དང་སྤྲིས་མ་མེད་པ་སོགས་ཀྱི་རྟགས་འབྱུང་།

ལྕེ་རྟགས།

ལྕེ་གཞུང་དུ་དྲེག་པ་མཐུག་པོ་མདོག་སེར་པོ་ཆགས་པ།

གཞོགས་འདེགས་བརྟག་དཔྱད།

ཕོ་རུབ་ཀྱི་ནད་འདི་ལ་ཕོ་ཤེལ་བརྟག་ཆས་ལས། ཕོ་བའི་ནང་སུལ་གྱི་སྐྱི་མོར་མདོག་སྐྱ་བོ་དང་། ཡང་ན་དཀར་པོར་སྣང་བ་བཅས་དང་། སྐབས་སུ་ཕོ་བའི་ནང་སྐྱིའི་མདོག་དམར་པོ་དང་དཀར་པོ་གཉིས་སྦྲགས་ནས་མངོན་པ་དང་། དེ་ལས་དཀར་ཤས་ཆེ་བ་གཙོ་ཆེ། ནང་སྐྱི་ཕྲ་མོ་སྲབ་པར་འགྱུར་བ་དང་ནང་སྐྱིའི་ངོས་སུ་ཡོད་པའི་ཁྲག་རྩ་ཕྲ་མོ་ཕྱིར་མངོན་པ། ནང་སྐྱི་ཅུང་ཇེ་ཆུང་དུ་སོང་བའམ་རུབ་སྙམ་ཆེ་བ། དེ་ལས་ཁྲག་རྡོལ་སླ་བ་བཅས་ཀྱི་རྟགས་མངོན་ཚེ་ཕོ་རུབ་ཡིན་པ་གསལ། གཞནHPའགོས་ཡོད་པ་དང་། བརྟག་དཔྱད་ཀྱི་འབྲས་བུ་ཡིན།

འཁྲུལ་སོ་བསལ་བ།

བད་ཀན་ལྷེན་ལས་གྱུར་པའི་ཕོ་རུབ་ནི་ལྷེན་འོག་ན་ལྷང་ལྷང་བྱེད་ལ་རྡོག་རྡོག་ཅིག་ཡོད་སྙམ་པ། བད་ཀན་ལྕགས་དྲེག་ལས་གྱུར་པའི་ཕོ་རུབ་ནི་ལྷེན་འོག་ན་ཧྲེམ་མེར་སྡོད་ལ་ཁ་ཟས་དང་བེ་སྣབས་སྐྱུགས་པ། བད་ཀན་མེ་ཉམས་ལས་གྱུར་པའི་ཕོ་རུབ་ནི་ལྷེན་འོག་ན་ཞིང་ཁ་ཟས་མ་སྨིན་པ་འཁྲུ་བའམ་སྐྱུགས་པ། ལུས་སྟོབས་ཆུང་ལ་ཤ་སྐམ་པ།

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X