//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ནད་གཞི་བརྟག་བཅོས། > ཕོ་རྒྱུའི་ནད། > ཕོ་ཚད། > ནང་དོན།

ཕོ་ཚད།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-02-10 8:48:05 ཀློག་གྲངས། 139 

བཅོས་ཐབས།

གསོ་ཚུལ།

གཉན་ཁ་གཅོག་པ་དང་། ཚ་བའི་རི་བོ་བསྙིལ་བ། རྨ་འབྲུམ་གསོ་བ་བཅས་སོ།།

གསོ་ཐབས།

ཟས། ཚྭ་སྐྱུར་དང་གྲང་མོའི་རིགས་སྤང་བར་བྱ།

སྤྱོད་ལམ། རྩོལ་བ་དྲག་པོ་མི་རུང་བར་རྩོལ་བཅག་རན་པ་བྱ་དགོས།

སྨན། ཐོག་མར་ཟླ་ཤེལ་ཆེན་མོ་དང་། བྲག་ཞུན་དགུ་བ། རུ་རྟ་དྲུག་པ། གཡུ་དྲིལ་བཅུ་གསུམ། མན་ངག་བསིལ་སྦྱོར་སོགས་གང་འོས་བསྟེན་པ། ཕོ་བར་ཚ་འབྲབ་དང་ཟུག་ཆེར་ཡོད་ན་བྲག་ཞུན་དགུ་བ་དང་གཡུ་དྲིལ་བཅུ་གསུམ་ལ་ཁྱུང་ལྔ་ཁ་ཚར་དང་། སྦོས་བརྒྱངས་བྱེད་ན་རུ་རྟ་དྲུག་པ་དང་ཡང་ན་རུ་ཞི། བྲང་ཚ་ཆུ་སྐྱུར་ལངས་ན་ཅོང་ཞི་དྲུག་པ་དང་ཐང་ཆེན་ཉེར་ལྔ། བདུད་ཅོང་སོགས་བསྟེན་པ་དང་། མཇུག་ཏུ་མེ་དྲོད་གསོ་ཕྱིར་སེ་འབྲུ་ལྔ་བ། དྭངས་མ་གནས་འཇོག དྭགས་བཙོ། དྭགས་སྨན་བཅོ་ལྔ་སོགས་གང་ལ་གང་འཚམ་གྱིས་གསོ་བཅོས་བྱ་དགོས།

དཔྱད། ན་ཟུག་ཆེ་ན་ཕོ་བ་དང་རྒྱུ་མའི་རྒྱབ་མདུན་གྱི་གསང་ལ་མེ་བཙའ་གདབ་པ།

ཕན་འབྲས་ཚད་གཞི།

སངས་དྲག

གོང་གི་ནད་རྟགས་ཞི་བ་དང་ལུས་པོ་ཐ་མལ་དུ་ཚུད་པ།

སྐྱེད་ཆེ་བ།

ཟས་སྐོམ་ཚ་ཆེས་གྲང་ཆེས་གང་ཟོས་ཀྱང་ཕོ་བར་ན་ཟུག་གཏོང་བ་དང་ཚ་འབྲབ་རྒྱག་པ། དང་ག་མི་བདེ་བར་སྐྱུག་མེར་ལངས་པ། སྐབས་འགར་འཁྲུ་བ། བྲང་ཚ་བ། ཆུ་སྐྱུར་ལངས་པ་སོགས་མེད་པར་གྱུར་ཏེ་ནད་མངོན་གསལ་དུ་ཇེ་དགར་ཕྱིན་པ།

སྐྱེད་ཆུང་བ།

ན་ལུགས་གཙོ་བོ་དེ་མ་ཞི་བ་དང་། ནད་རྟགས་འགའ་རེ་ཞི་ཡང་གཞོགས་འདེགས་བརྟག་དཔྱད་དང་རྩ་ཆུར་འགྱུར་ལྡོག་ཆུང་བ།

སྐྱེད་མེད་པ།

ཕན་སྐྱེད་ཅི་ཡང་མ་བྱུང་བའམ་ཇེ་སྡུག་ཏུ་ཕྱིན་པ།

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X