//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ནད་གཞི་བརྟག་བཅོས། > མོ་ནད། > དུག་ཐབས། > ནང་དོན།

དུག་ཐབས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ཤ་བོ་གཡང་འབུམ། དུས་ཚོད། 2015-02-09 11:07:36 ཀློག་གྲངས། 7 

དུག་ཐབས་སམ་བང་ཚད་ནི་བྱིས་པ་བཙས་རྗེས་ཟས་སྤྱོད་ལོག་ནས་གཉན་ཁ་རྒྱས་པའི་ནད་ཅིག་ལ་ཟེར།

རྒྱུ་རྐྱེན།

བྱིས་པ་བཙས་རྗེས་མངལ་དུ་རླུང་ཤོར་བའམ་ཤ་མར་རྙིང་བ་སོགས་ཟས་སྐོམ་རྣོ་ཚའི་རིགས་བསྟེན་དྲགས་པ། སྤྱོད་ལམ་ཉིན་གཉིད་ཉལ་བ་དང་དྲག་ཤུལ་བསྐྱེད་པས་ལུས་ཁམས་འཁྲུགས་པའམ་མངལ་དུ་འདྲིལ་རོ་ལུས་པ།

ནད་རྟགས།

ལུས་རྟགས།

མཚན་མ་དང་རྒྱུ་ཞབས་སུ་ཚ་འབྲབ་བྱེད་པ། མནན་ན་གཟེར་ཟུག་ལྡང་བ། དྲི་ངན་ཅན་གྱི་མངལ་ཁྲག་འཛག་པ། སྟོད་དུ་གཟེར་ཕྲན་ལངས་པ་དང་ལུད་པར་ཁྲག་དང་ཤེ་རུལ་འབྱུང་བ། གློ་ལངས་པ་དང་སྐོམ་ཚད་སྐྱེ་བ། རྐང་ལག་གི་རུས་ཚིགས་ཁག་ན་བ།

རྩ་རྟགས།

རྩ་རྒྱུད་ཕྲ་ལ་མགྱོགས་པ་དང་གཏིང་ཤེད་མེད་པ།

ཆུ་རྟགས།

ཆུ་མདོག་དམར་སེར་དྲི་དུགས་པ།

ལྕེ་རྟགས།

ལྕེ་ནི་དམར་སྐྱ་མདངས་མེད་པ།

གཞོགས་འདེགས་བརྟག་དཔྱད།

Bསྒྲ་བརྒལ་གྱིས་བརྟག་དཔྱད་བྱས་ན། མངལ་གྱི་ཕྱི་ནང་གང་རུང་དང་ཤ་སྐྱིའི་བར་དུ་ངོ་བོ་སྲ་བའི་སྐྲན་ཆེ་ཆུང་སྣ་མང་འབྱུང་། མོ་ནད་བརྟག་དཔྱད་བྱེད་སྐབས་ལག་པས་སྦར་ཉུལ་བྱེད་ཐུབ་པ་དང་མནན་ན་ན་བ། ངོ་བོ་སྲ་བ་བཅས་ཡིན།

འཁྲུལ་སོ་བསལ་བ།

རྒྱུ་སྨད་སྦོ་ཞིང་ཟླ་མཚན་ཆུ་སེར་དུ་འཛག་པ། མཚང་ར་ན་ཞིང་རྐེད་པ་ཆད་སྙམ་བྱེད་པས་མངལ་སྐྲན་ཆུ་བུར་ཅན་དང་མཁལ་མའི་རླུང་ཚབས་ལ་ནོར་ཉེན་ཆེ་མོད། འོད་ཀྱང་ཤ་སྐྲན་བེམ་པོའི་ཁྱད་པར་གྱི་རྟགས་སུ་བྱིས་པ་ཆགས་པ་ལྟར་སྲ་ཞིང་འདྲིལ་བ། ཟླ་མཚན་མི་སྙོམས་པ་དང་རྒྱུ་ཞབས་ན་ཞིང་སྐབས་སུ་དྲི་ཆུ་སྡོམ་པ་སྟེ་འབབ་དཀའོ།།

བཅོས་ཐབས།

གསོ་ཚུལ།

དཔའ་བོས་དགྲ་འདུལ་ལྟར་གསོ་ཞིང་ཐོག་མར་འདྲིལ་སྐྲན་བཤིག ཁྲག་ཏུ་འབྱམས་ན་ལུས་ཟུངས་གསོ། ཐ་མར་འདུ་བ་སྙོམས་པའོ།།

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X