//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ནད་གཞི་བརྟག་བཅོས། > མོ་ནད། > མངལ་སྲིན། > ནང་དོན།

མངལ་སྲིན།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ཤ་བོ་གཡང་འབུམ། དུས་ཚོད། 2015-02-09 11:06:32 ཀློག་གྲངས། 28 

མངལ་སྲིན་ནི་མ་རུ་ཙེ་དང་ཨ་སོ་ལི་ཀ་ཟེར་བའི་སྲིན་རིགས་གཉིས་པོ་དེར་ཕལ་ཆེ་བ་མོ་ནད་ཁྲག་ཚབས་རླུང་ཚབས་གཉིས་ཀྱིས་བསླངས་པར་མ་ཟད། ལྷག་པར་རླུང་ཚབས་ཤས་ཆེ་བའི་ནད་རྐྱེན་ལས་བསླངས་པ་མང་ཞིང་། མདོར་ན་མོ་ནད་སྤྱིའི་ནད་རྐྱེན་གྱིས་ཕོག་ཐུག་བྱུང་བས་མངལ་གྱི་སྲིན་བུ་ལངས་པ་དང་། མཛུབ་མོ་དང་གཞན་མངལ་སྒོར་བདེ་བའི་ལག་ཆས་དཀྲུགས་དྲགས་པ་ལས་ཁྲོས་པའི་ནད་རིགས་ཁག་བསྐྱེད་པ་ཡིན།

རྒྱུ་རྐྱེན།

ཆགས་པ་གང་བྱུང་དུ་སྤྱད་པ་དང་མངལ་དུ་བཙོག་པ་ཤོར་བ། རླུང་ཚབས་བཅོས་ཉེས་སུ་ཤོར་བ། འདུ་བ་འཁྲུགས་པ།

ནད་རྟགས།

ལུས་རྟགས།

མངལ་སྲིན་ལངས་པའི་ནད་རྟགས་ནི།  ཐོག་མར་མཚན་མར་ཟ་འཕྲུག་ལངས་པ་དང་། འཕྲུག་རྗེས་ཚ་ཙག་རྒྱག་པ། སེམས་ཚབ་ཚུབ་བྱེད་པ་དང་འགྲོ་སྙིང་འདོད་པ། མོ་མཚན་ལ་དྲི་ངན་མནམ་པ་བྲོ་བ།ཆགས་པ་འདོད་པ། གཉིད་མི་ཁུགས་པ།ལུས་ཤ་སྐམ་པའམ་མཚང་ར་ན་བ།

མངལ་སྲིན་ཁྲོས་པའི་ནད་རྟགས་ནི། མཚན་མར་ཟ་འཕྲུག་ལངས་ཤིང་འཕྲུག་རྗེས་ཚ་ཙག་རྒྱག་པའམ་མངལ་ཁ་དམར་སྐྲངས་ཆགས་པ།   མཁྲེགས་པོ་ཆགས་ནས་ཤིན་ཏུ་སྲ་ཞིང་ན་ལ་མཚན་མ་སྦོ་བ།ཆུ་སེར་འཛག་པའམ་ཟླ་མཚན་དཀར་པོ་དྲི་མ་ཅན་འཛག་པ་སོགས་འབྱུང་།

རྩ་རྟགས།

རྩ་ནི་འཁྱུག་ཅིང་ཞེང་དུ་ལེབ་མོ་འཕར།

ཆུ་རྟགས།

ཆུ་མདོག་དམར་ལ་ཝུ་བ་སངས་སྐྱེན་པ།

གཞོགས་འདེགས་བརྟག་དཔྱད།

ཕྲ་མཐོང་ཆེ་ཤེལ་ལས་གྲང་དཀར་ལ་བརྟག་པས། དབྱིབས་ཟླུམ་པོ་དང་ལེབ་མོ། ཕྲ་ལ་རིང་བ་བཅས་ཀྱི་སྲིན་རིགས་འགུལ་སྐྱོད་བྱེད་པའི་གཟུགས་མངོན་པ།

འཁྲུལ་སོ་བསལ་བ།

མཚན་མར་ཟ་འཕྲུག་ལངས་ཤིང་མངལ་ཁར་དམར་སྐྲངས་ཆགས་པ། ཤིན་ཏུ་སྲ་ཞིང་ན་ལ་མཚན་མ་སྦོ་བ། ཚ་ཤུར་རྒྱག་པ། རྒྱུ་ཞབས་དང་མཚང་ར་ན་བ། དྲི་ངན་ཅན་གྱི་གྲང་དཀར་མང་དུ་འཛག་པ། འགྲོ་སྙིང་དང་ཆགས་པ་འདོད་པ་བཅས་ཀྱི་ནད་རྟགས་ལས་མངལ་ནད་གཞན་དང་མི་ནོར་རོ།།

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X