//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ནད་གཞི་བརྟག་བཅོས། > མོ་ནད། > མངལ་ནད། > ནང་དོན།

མངལ་ནད།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ཤ་བོ་གཡང་འབུམ། དུས་ཚོད། 2015-02-09 11:04:37 ཀློག་གྲངས། 22 

མངལ་ནད་ནི་བུ་སྣོད་གཙོར་བྱས་པའི་བསམ་བསེའུ་དང་།  ཁམས་དམར་རྒྱུ་བའི་བུ་གའི་ཉེ་འཁོར་གྱི་དབང་རྟེན་རྣམས་ལ་ནད་འགྱུར་བྱུང་ནས་གཉན་ཁ་རྒྱས་པའི་ནད་ཅིག་ལ་ཟེར།

རྒྱུ་རྐྱེན།

བྱིས་པ་བཙས་མང་བའམ་ཆགས་པ་གང་བྱུང་དུ་སྤྱད་པ། སྐྱེ་གཞུག་ལུས་པ། ཟས་སྤྱོད་ལོག་པ་སོགས་ཀྱིས་ནད་འདི་བསླངས་པ་རེད།

ནད་རྟགས།

ལུས་རྟགས།

རྐེད་པ་དང་རྒྱུ་ཞབས་སུ་ན་ཟུག་གཏོང་བ་དང་། རྒྱུ་ཞབས་སུ་ལག་པས་སྦར་ཉུལ་བྱེད་སྐབས་གནོན་ཟུག་ཡོད་པ། སྐབས་སུ་ཚ་རྒྱག་པ།

ཟླ་མཚན་འགགས་པའམ་འབྱམས་པ། ཟླ་མཚན་གྱི་མདོག་ནག་གམ་སེར་བ། གྲང་བ་འཛག་ཆེར་འགྲོ་བ། ཟླ་མཚན་འབབ་དུས་དང་ལུས་ཁམས་འཁྱགས་ཚེ་ཇེ་སྡུག་ཏུ་འགྲོ་བ།

རྩ་རྟགས།

རྩ་རྒྱུད་ཞན་ཞིང་ཆག་རྩ་ཅུང་གྲིམས་ཤས་ཡོད་པ།

ལྕེ་རྟགས།

ལྕེ་མདོག་མ་ངེས།

ཆུ་རྟགས།

ཆུ་མདོག་དམར་ལ་ངོ་བོ་རྙོག་པ། ཀུ་ཡ་མཐུག

གཞོགས་འདེགས་བརྟག་དཔྱད།

Bསྒྲ་བརྒལ་གྱིས་བརྟག་པས་མངལ་ཁ་ཆེར་རྒྱས་པ་མཐོང་བ་དང་། གྲང་དཀར་མང་དུ་འབྱམས་པ།

འཁྲུལ་སོ་བསལ་བ།

མངལ་ནད་ཀྱི་རྟགས་ལ་ཟླ་མཚན་གྱི་མདོག་ནག་གམ་སེར་ལ་སླ་བ། གྲང་བ་འཛག་ཆེ་བ། ཟླ་མཚན་སྐབས་སུ་སྔར་ལས་ཇེ་སྡུག་ཏུ་འགྲོ་བ། རྒྱུ་ཞབས་སུ་གནོན་གཟེར་ལྡང་བ། འཁྲིག་སྦྱོར་རྗེས་སུ་ཁྲག་འཛག་པ་བཅས་སོ།།

བཅོས་ཐབས།

གསོ་ཚུལ།

མངལ་ནད་ཕལ་ཆེར་རྒྱུ་རླུང་གིས་སྤྱད་པ་ཡིན་པས་སྣུམ་འཆོས་དང་ཕྱི་རྒྱུད་ལྟར་སླེ་འཇམ་གྱི་འཇམ་རྩི་དང་སྣུམ་དུགས་ཀྱིས་གསོ་བར་བསྔགས་སོ།།

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X