//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ནད་གཞི་བརྟག་བཅོས། > མོ་ནད། > རླུང་ཚབས། > ནང་དོན།

རླུང་ཚབས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ཤ་བོ་གཡང་འབུམ། དུས་ཚོད། 2015-02-09 10:59:17 ཀློག་གྲངས། 61 

གསོ་ཐབས།

ཟས། བཅུད་ལ་བསྟེན་པ་དཔེར་ན། ལུག་གི་ཕྱི་ནང་ཤ་སྣ་ཚོགས་ཞིབ་བརྡུངས་ལེགས་པར་བཙོས་པའི་ཚ་བ་ལ་འོ་མ་དང་མར་གསར། ཛཱ་ཏི། པི་པི་ལིང་། ཤིང་ཀུན་རྣམས་ཁ་ཚར་བཏབ་ལ་བསྟེན་པ་དང་། མདོར་ན་རླུང་ཚབས་དྲུག་པའི་གནས་གང་དང་གང་ན་བ་དེ་ལ་དེ་ཡི་ཤ་བཅུད་སྦྱར་དགོས་པར་མ་ཟད། བཅུད་ཀྱི་སྦྱོར་བ་དེ་རྣམས་ལ་སུག་སྨེལ་དང་ཤིང་ཚ་སླེ་ཏྲེས་གསུམ་ནི་སྤོད་ལྟ་བུ་མེད་དུ་མི་རུང་བའི་ཁ་ཚར་ཡིན་ནོ།།

སྤྱོད་ལམ། དྲོ་སར་ལུས་མི་འཁྱགས་པར་གོས་དྲོན་ཞིང་ཡིད་འོང་གི་གྲོགས་བསྟེན་པ།

སྨན། འོལ་སེ་ཉེར་ལྔ། སུག་སྨེལ་སྐྱིན་གོར། བརྒྱད་ལྔ། སྲོག་འཛིན་དགུ་བ། ཨ་གར་བཅོ་ལྔ། ཨ་གར་ཉི་ཤུ། བསམ་འཕེལ་ནོར་བུ་སོགས་ནད་རྟགས་དང་བསྟུན་ནས་གཏོང་དགོས་ལ། སྙིང་འདར་འཕྱོ་ཞིང་དྲན་མེད་བརྒྱལ་ན་ཨ་གར་བརྒྱད་པ། སྲོག་འཛིན་བཅུ་གཅིག ལུས་གྲང་ཞིང་མཁལ་རྐེད་གཟེར་ན་བརྒྱད་ལྔ། སུག་སྨེལ་སྐྱིན་གོར། གསོ་བྱེད་ཉི་དཀྱིལ། ཟླ་མཚན་འབྱམས་པར་གུར་ཀུམ་བདུན་པ། སེང་ཕྲོམ་ཉིས་སྦྱོར། ཐང་ཆེན་ཉེར་ལྔ་གུར་ཀུམ་འདབ་ལོག་བསྣན་པ་གཏོང་།

དཔྱད།  མོ་ནད་ཕལ་ཆེར་རླུང་གིས་བསྐྱེད་པས་རྒྱུད་ཀྱི་སྣུམ་འཆོས་དང་འཇམ་རྩི་བདུག་སོགས་དགོས་ལ་རླུང་གསང་དང་སྙིང་གསང་མེ་ཡིས་མནན། མགོའི་མཚོག་གསང་། སྤྱི་གཙུག་ལྟག་པའི་སྡུད་སྒོ། ཚིགས་པ་དང་པོ་དང་དྲུག་བདུན། བྲང་གཞུང་དཀར་ནག་མཚམས། རྐང་ལག་གི་མཐིལ་བཞི་གང་རུང་སྔ་དགོང་ཧོར་མེ་ཚ་བོས་བསྲོ་བ་དང་། ཚབས་ཆེ་བར་སྤྲ་མེ་རྒྱག་དགོས། དོན་སྣོད་གང་རུང་དུ་བབས་ན་རང་གསང་བསྲེག་པར་བྱ།

ཕན་འབྲས་ཚད་གཞི།

སངས་དྲག

གོང་གི་ནད་རྟགས་རྣམས་ཞི་བ་དང་ལུས་པོ་ཐ་མལ་དུ་ཚུད་པ།

སྐྱེད་ཆེ་བ།

གོང་གསལ་གྱི་ཆུ་སོ་དང་རྒྱུ་ཞབས་ལ་བསྡམས་ཤིང་ན་བ་དང་། ཟླ་མཚན་འབྱམས་པ། ལུས་གྲང་ཞིང་རུས་ཚིགས་གཟེར་བར་ན་བ། ཡན་ལག་སྦྲིད་ཅིང་སྐྲངས་པའི་རྟགས་ཕལ་ཆེར་མེད་པར་གྱུར་པ་དང་འཕར་རྩའི་རྒྱུ་བ་ཕྲ་ལ་བུལ་བ། ཆུ་མདོག་དཀར་ལ་ཝུ་བ་སྙོམས་པ་བཅས་ཀྱི་ནད་རྟགས་མངོན་གསལ་དུ་ཇེ་དགར་ཕྱིན་པ།

སྐྱེད་ཆུང་བ།

ན་ལུགས་གཙོ་བོ་དེ་མ་ཞི་བ། ནད་རྟགས་འགའ་རེ་ཞི་ཡང་རྩ་ཆུར་འགྱུར་ལྡོག་ཆུང་བ།

སྐྱེད་མེད་པ།

ཕན་སྐྱེད་ཅི་ཡང་མ་བྱུང་བའམ་ཇེ་སྡུག་ཏུ་ཕྱིན་པ།

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X