//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ནད་གཞི་བརྟག་བཅོས། > མོ་ནད། > ཁྲག་ཚབས། > ནང་དོན།

ཁྲག་ཚབས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ཤ་བོ་གཡང་འབུམ། དུས་ཚོད། 2015-02-09 10:50:23 ཀློག་གྲངས། 31 

མོ་ནད་ཁྲག་ཚབས་ནི་བུད་མེད་མས་དམར་པོའི་སྙིགས་མའམ་ཟླ་མཚན་གྱིས་དྭངས་སྙིགས་ཚུལ་བཞིན་འབྱེད་མ་ཐུབ་པར་སླར་ཡང་འཁོར་སྐྱོད་བྱེད་པ་དང་དོན་སྣོད་གང་རུང་ལ་གནས་བཅས་ཤིང་། ལུས་ཁམས་བདེ་ཐང་ལ་གཉན་པར་འབྱུང་བས། བུད་མེད་གཞོན་ནུ་དང་དར་མའི་རིགས་ལ་བྱུང་མང་བའི་ཁྲག་མཁྲིས་ཚ་བ་ཤས་ཆེ་བའི་མོ་ནད་ཀྱི་རིགས་ཤིག་ཡིན།

རྒྱུ་རྐྱེན།

ཟས་སྐོམ་བསིལ་ཟས་རིགས་དང་འཁྱག་པའམ་མི་གཙང་བའི་སྤྱོད་ལམ་བསྟེན་དྲགས་པ་དང་མེ་ཉིར་བསྲོས་དྲགས་པ་སོགས་ཀྱིས་སློང་སྲིད།

ནད་རྟགས།

ལུས་རྟགས།

ཟླ་མཚན་འགག་པ་དང་། ཡང་ན་ཉུང་ངུ་ལས་མི་འབབ་པའམ་སྙོམས་པོ་མིན་པ། མངལ་དུ་རྣག་ཞུགས་ཏེ་དྲི་ངན་ཅན་གྱི་རྣག་ཆུ་འཛག་པ། རྐེད་སོ་མན་ཆད་ཀྱི་རུས་པ་འཁོལ་ཞིང་ན་བ། རྒྱུ་ཞབས་སུ་ན་ཞིང་ཚ་འབྲབ་ཆེ་བ། རོ་སྟོད་དང་མཆིན་དྲི་གཟེར་བ།

བཞིན་དང་ལུས་ཀུན་གྱི་ཚོར་བ་ཇེ་ཞན་དུ་འགྲོ་བ་དང་མདོག་དམར་སྐྲངས་ཆགས་པ། ཤུ་བ་དང་འབྲུམ་བུ་ཡོང་ཞིང་ཟ་འཕྲུག་ལངས་པ། མགོ་ན་ཞིང་མཚོག་མ་ལྕི་བ། སྐབས་འགར་སྣ་ཁྲག་འཛག་པ་དང་སྙིང་མི་བདེ་བ། འཚིག་པ་ཟ་བ། དང་ག་མི་བདེ་ཞིང་སྦྲིད་པ་སོགས་འབྱུང་ངོ་།།

རྩ་རྟགས།

རྩ་རྒྱུད་ཚ་འཁྱུག་རྒྱག་པའམ་འབུར་ལ་གྲིམས་པ།

ཆུ་རྟགས།

དྲི་ཆུའི་མདོག་དམར་སེར་ཝུ་བ་སངས་སྐྱེན་དྲི་མ་དུག

ལྕེ་རྟགས།

ལྕེ་མདོག་དམར་སེར་དྲེག་པ་སྲབ།

གཞོགས་འདེགས་བརྟག་དཔྱད།

གྲང་དཀར་གྱི་མདོག་དང་དེར་ཕྲ་མཐོང་མེ་ཤེལ་ལས་བརྟག་ཚེ། མདོག་སེར་ལ་རྣག་ཅན་མི་གཙང་བའི་ཚད་མཐོ་བ།

འཁྲུལ་སོ་བསལ་བ།

རླུང་ཚབས་དང་ནོར་ཉེན་ཆེ་ཞིང་ཁྱད་པར་གྱི་རྟགས་ལ་བུད་མེད་དར་མ་དང་། ན་ཡུན་ཐུང་བ། རྒྱུ་ཞབས་སུ་ན་ཞིང་ཚ་འབྲབ་ཆེ་བ། རོ་སྟོད་དང་མཆིན་དྲི་གཟེར་བ། མངལ་དུ་རྣག་ཞུགས་ཏེ་དྲི་ངན་ཅན་གྱི་རྣག་ཆུ་འཛག་པ། མགོ་ན་ཞིང་མཚོག་མ་ལྕི་བ། རྩ་རྒྱུད་དུ་ཚ་འཁྱུག་རྒྱག་པ། མདོར་ན་མཁྲིས་པའམ་ཚ་བའི་རྟགས་མངོན་ན་ཁྲག་ཚབས་ཞ་བའི་ནད་ཡིན་པས་ཤེས་སོ།།

བཅོས་ཐབས།

གསོ་ཚུལ།

ཐོག་མར་བྱེར་བའི་ནད་བསྡུས་ཏེ་གསད་པར་བྱ་དགོས་པ་དང་མ་འདུས་གོང་དུ་གཉེན་པོ་མི་གསོད་ཅིང་སླར་ཡང་ལུས་ལ་འགྲམས་པར་འགྱུར་བས་རྟ་རྒོད་དཀྱུས་སུ་འཛུད་པ་ལྟ་བུས་བཅོ་བར་བྱ།

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X