//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ནད་གཞི་བརྟག་བཅོས། > ཚིགས་ནད། > རུས་འཛེར། > ནང་དོན།

རུས་འཛེར།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ཤ་བོ་གཡང་འབུམ། དུས་ཚོད། 2015-02-09 10:36:05 ཀློག་གྲངས། 23 

གཞོགས་འདེགས་བརྟག་དཔྱད།

གཞོགས་འདེགས་བརྟག་དཔྱད་ལXགློག་པར་བརྒྱག་པ་དང་། CR CT MRIསོགས་ཀྱིས་རུས་པའི་ནད་རིགས་སྣ་ཚོགས་ཀྱི་གནས་དང་ཆེ་ཆུང་སོགས་གསལ་བོར་རྟོགས་ཐུབ་བོ།།

འཁྲུལ་སོ་བསལ་བ།

གཞོགས་འདེགས་བརྟག་དཔྱད་ལ་Xགློག་འོད་དང་། CR CT MRIསོགས་ཀྱིས་རུས་པའི་གནས་ལ་ནད་འགྱུར་བྱུང་བ་གསལ་བོར་རྟོགས།

བཅོས་ཐབས།

གསོ་ཚུལ།

གཉན་ཁ་གཅོག་པ་དང་ན་ཟུག་འཇོམས་པ། ཚིགས་སྦྱོང་འཚམ་པར་བྱེད་པ། མཇུག་ཏུ་མེ་བཙའ་བསྟེན་པ།

གསོ་ཐབས།

ཟས། ཟས་འཇུ་སླ་བ་དང་རླུང་ལ་ཕན་པའི་རུས་བཅུད་དང་འདོན་སྦྱོར་ནུས་པ་ཚ་རྣོའི་ཟས་སྐོམ་སྤྱོད་པ།

སྤྱོད་ལམ། གསོ་བྱའི་ལོ་ཚོད་དང་ནད་གཞིར་གཞིགས་ནས་ལུས་སྦྱོང་དང་ཚིགས་སྦྱོང་སྣ་ཚོགས་ཀྱི་སྒོ་ནས་གསོ་བར་བྱ།

སྨན། མིག་སྔར་རུས་འཛེར་ལའང་གྲུམ་བུའི་སྨན་གཙོ་བོར་གཏོང་བ་དང་། ཡང་ན་ནད་པའི་རྟེན་དང་ནད་གཞིར་གཞིགས་ནས་སེང་ལྡེང་ཉེར་ལྔ། མགྲིན་མཚལ་ཉེར་ལྔ། ཀླུ་བདུད་བཅོ་བརྒྱད། བདུད་རྩི་སུམ་སྦྱོར། སྟབ་སེང་བརྒྱད་པ། ཨ་གར་སོ་ལྔ། དངུལ་ཆུ་བཅོ་བརྒྱད། བྱ་ཁྱུང་བཅུ་གསུམ། མང་ངག་རིན་འབྱུང་། ཅོང་ཞིའི་རིགས་ཀྱང་གཏོང་།

དཔྱད།༼ཀ༽ ལུམས་ཀྱིས་གསོ་བ།༼ཁ༽ ཐུར་མས་གསོ་བ།༼ག༽ མེ་བཙས་གསོ་བ།༼ང༽ བསྐུ་མཉེ་ཡིས་གསོ་བ།

ཕན་འབྲས་ཚད་གཞི།

སངས་དྲག

གོང་གི་ནད་རྟགས་རྣམས་ཞི་བ་དང་ལུས་པོ་ཐ་མལ་དུ་ཚུད་པ།

སྐྱེད་ཆེ་བ།

གོང་གསལ་གྱི་མཇིང་ཚིགས་དང་སྒལ་ཚིགས། དཔྱི་ཚིགས། པུས་ཚིགས་སོགས་ཀྱི་ན་ལུགས་ཕལ་ཆེར་ཞི་བ།

སྐྱེད་ཆུང་བ།

ན་ལུགས་གཙོ་བོ་དེ་མ་ཞི་བ། ནད་རྟགས་འགའ་རེ་ཞི་ཡང་རྩ་ཆུར་འགྱུར་ལྡོག་ཆུང་བ།

སྐྱེད་མེད་པ།

ཕན་སྐྱེད་ཅི་ཡང་མ་བྱུང་བའམ་ཇེ་སྡུག་ཏུ་ཕྱིན་པ།

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X