//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ནད་གཞི་བརྟག་བཅོས། > ཚིགས་ནད། > རུས་ཏྲེམ། > ནང་དོན།

རུས་ཏྲེམ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ཤ་བོ་གཡང་འབུམ། དུས་ཚོད། 2015-02-09 10:20:21 ཀློག་གྲངས། 18 

རུས་ཏྲེམ་ནི་ཟས་ཀྱི་དྭངས་མ་གནས་སུ་མ་སྨིན་པ་ཆུ་སེར་དཀར་པོ་བད་རླུང་དང་བསྡོངས་པ་རྒྱས་ནས་གཙོ་བོ་རླུང་གི་གནས་ཏེ་རུས་པར་ཞུགས་པ་ལས་བྱུང་བའི་ནད་ཅིག་རེད།

རྒྱུ་རྐྱེན།

བརླན་ཅན་ཡུལ་དུ་བསྡད་དྲགས་པ་དང་། ལྕི་སྣུམ་འཇུ་དཀའ་བའི་ཟས་ཟོས་དྲགས་པས་དྭངས་མ་གནས་སུ་མ་སྨིན་པར་ཆུ་སེར་དཀར་པོ་བད་རླུང་དང་བསྡོངས་ནས་ལུས་པོར་ཞུགས་པ། མདོར་ན་ལྕི་སྣུམ་བསིལ་བ་དང་བད་རླུང་སྐྱེད་པའི་ཟས་སྤྱོད་ཀྱིས་བསླངས་པའོ།།

ནད་རྟགས།

ལུས་རྟགས།

རླུང་ཤས་ཆེ་བ། སྐོམ་དད་ཆེ་བ། རུས་པར་ཚ་བ་སྐྱེས་ཤིང་ཟས་འཇུ་ལ་ལུས་ཤ་སྐེམ་པ། ཚིགས་ལ་ན་ཟུག་ཆེ་བ། འགུལ་མི་ནུས་པ། མིས་སྒུལ་བ་དང་སྒྲ་ཆེན་པོའི་རིགས་མི་བཟོད་པ། རུས་པ་ལྷང་ལྷང་ན་བ། ཚིགས་མིག་ན་ཞིང་བརྐྱང་བསྐུམ་འགྲོ་འདུག་དཀའ་བ། ཚིགས་ཁ་སྐྲངས་ལ་སྲ་བ།

རྩ་རྟགས།

རྩ་རྒྱུད་སྟོང་ཤས་ཆེ་བ།

ཆུ་རྟགས།

ཆུ་སྔོ་ལ་སླ་བ། རླངས་པ་ཆུང་།

ལྕེ་རྟགས།

ལྕེ་དམར་ལ་རྩུབ་པ།

གཞོགས་འདེགས་བརྟག་དཔྱད།

ཁྲག་པྲ་ལས་ཁྲག་དམའ་བ་དང་། ནད་གཞི་ཚབས་ཆེ་སྐབས་ཁྲག་ལེབ་ཆུང་བ་ཇེ་མཐོ་ཡིན་པ། Xགློག་འོད་ཀྱིས་རུས་ཚིགས་ལ་བརྟག་དཔྱད་བྱས་ན། ནད་གཞིའི་འཕེལ་རིམ་དང་རུས་ཚིགས་ཀྱི་གནས་སུ་རུས་རྫས་སབ་སོབ་ཏུ་གྱུར་པ། ལྷུ་ཚིགས་ཀྱི་བར་གསེང་ཇེ་ཆུང་དུ་སོང་ཡོད་པ། ཚིགས་ངོས་གཏོར་བརླག་བྱས་ཡོད་པ་སོགས་མཐོང་ཐུབ།

འཁྲུལ་སོ་བསལ་བ།

སྐོམ་དད་ཆེ་ལ་རུས་ཚ་སྐྱེ་ཞིང་འཇུ་སྐེམ་ཆགས་པ། ཚིགས་རྣམས་ལ་གྲམས་པས་འགུལ་མི་ནུས་ཤིང་མིས་སྒུལ་བ་དང་སྒྲ་ཆེན་པོའི་རིགས་མི་བཟོད་པ་བཅས་ཀྱི་ན་ལུགས་ལས་རུས་པ་གཙོ་བོར་མཐོང་ན་རུས་ཏྲེམ་དུ་སྣང་ལ། དྲེག་ནི་རྐང་བའི་མཐེ་བོང་དང་བོལ་ཚིགས། རྐང་མཐིལ་བཅས་ལ་ལྡང་དུབ་ཅན་གྱི་ན་ཟུག་ཛ་དྲག་གཏོང་ཡང་དམར་སྐྲངས་ཆགས་ནས་སྔོ་ཐིག་འདོན་པ། ངོ་བོ་སྲ་ཞིང་ཚ་དྲོད་རྒྱག་པ་བཅས་ལས་མི་འཁྲུལ་བར་བྱ།

བཅོསཐབས།

གསོ་ཚུལ།

དྲོད་སར་སྡོད་པ་དང་ཟས་སྤྱོད་གྲང་རྩུབ་ལ་འཛེམ་པར་བྱ་དགོས།

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X