//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ནད་གཞི་བརྟག་བཅོས། > ཚིགས་ནད། > ཆུ་ཏྲེམ། > ནང་དོན།

ཆུ་ཏྲེམ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ཤ་བོ་གཡང་འབུམ། དུས་ཚོད། 2015-02-09 10:13:03 ཀློག་གྲངས། 13 

ཆུ་ཏྲེམ་ནི་དྭངས་མ་རང་གནས་སུ་མ་སྨིན་པར་ཆུ་སེར་རྒྱས་ནས་ཆུ་རྒྱུས་ཀྱི་གནས་སུ་ཤས་ཆེར་གནས་ཤིང་མཆེད་པ་ལས་བྱུང་བའི་ནད་ཅིག་རེད།

རྒྱུ་རྐྱེན།

རླན་ཆེ་བའི་ཡུལ་དུ་བསྡད་དྲགས་པ་དང་། གོས་སྲབ་ཀྱིས་འཁྱགས་པ། ཚྭ་སྐྱུར་དང་རི་སྒོག་ལ་སོགས་རྗེན་ཟས་མཐའ་དག་དང་། ཡང་ན་ལྕི་སྣུམ་འཇུ་དཀའ་བའི་ཟས་ཟོས་དྲགས་པ་སོགས་ཀྱིས་སྐྱེད་པར་བྱེད་དོ།།

ནད་རྟགས།

ལུས་རྟགས།

ཆུ་རྒྱུས་གྱོང་ཞིང་སྐམ་པ། རེངས་པའམ་འཁུམས་པ།ལུས་འདར་བ། རྐེད་པ་མན་ཆད་གྲང་བ།

རྩ་རྟགས།

རྩ་བྱིང་ལ་དལ་བ། གྲང་ཤས་ཆེ་བ།

ཆུ་རྟགས།

ཆུ་མདོག་དཀར་ལ་རླངས་པ་ཆུང་། མེ་ཏོག་ཆེ། ཀུ་ཡ་སྲབ།

ལྕེ་རྟགས།

ལྕེ་དམར་ལ་རླན་པ།

གཞོགས་འདེགས་བརྟག་དཔྱད།

ཁྲག་པྲ་ལས་ཁྲག་དམའ་བ་དང་། ནད་གཞི་ཚབས་ཆེ་སྐབས་ཁྲག་ལེབ་ཆུང་བ་ཇེ་མཐོ་ཡིན་པ། ཁྲག་པྲ་ལས་རླུང་རླན་གྱི་རྐྱེན་ཆ་RTཉིད་གདགས་གཤིས་སུ་མངོན་པ།

གྲུམ་བུའི་ནད་ནི་ཅུང་ཚབས་ཆེ་བའི་སྐབས་སུ་ལྷུ་ཚིགས་ཡ་མ་གཟུགས་ཅན་མངོན་པ། ལྷུ་ཚིགས་གཡས་གཡོན་གྱི་ཆུ་བ་དང་རྒྱུས་པ་ནད་འགྱུར་གྱི་དབང་གིས་ལྷུ་ཚིགས་ཀྱི་ཕྱིའི་དབྱིབས་དང་། བྱེད་ལས། གནས་ཡུལ་སོགས་འགྱུར་ནས་ཚིགས་བུད་པ་དང་། ཚིགས་ཡ་མ་གཟུགས་སུ་གྱུར་ཡོད་པ།

འཁྲུལ་སོ་བསལ་བ།

ཆུ་རྒྱུས་གྱོང་ཞིང་རེངས་པའམ་འཁུམས་སམ་སྐམ་ལ་ནད་ཀྱི་གནས་ཡུལ་དང་ཆུ་རྒྱུས་ཀྱི་གནས་གཙོ་བོ་ཡིན་པས་ངེས་ཐུབ་མོད། ཆུ་རྒྱུས་མཆེད་ཅིང་ཟས་སྐོམ་སྣུམ་བཅུད་ཀྱིས་བསླངས་པས་དྲེག་ནད་དུ་འཁྲུལ་ཉེན་ཆེ་མོད། ཡིན་ནའང་དྲེག་ནི་ཐོག་མར་རྐང་བའི་མཐེ་བོང་ལ་གཙོ་བོར་གནས་ཤིང་རིམ་གྱིས་ལག་པའི་གྲུ་ཚིགས་སོགས་ཀྱི་ཆུ་རྒྱུས་ལ་མཆེད་པ། སྐྱིད་པོར་སྡོད་ཆེ་ན་སློང་སླ་བས་མི་ནོར།

བཅོས་ཐབས།

གསོ་ཚུལ།

མེ་དྲོད་གསོ་བ། མཉེན་དུ་འགུགས་པ། ནད་གཞུག་བསྲུང་བ།

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X