//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ནད་གཞི་བརྟག་བཅོས། > ཚིགས་ནད། > རྩ་ཏྲེམ། > ནང་དོན།

རྩ་ཏྲེམ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ཤ་བོ་གཡང་འབུམ། དུས་ཚོད། 2015-02-09 10:10:35 ཀློག་གྲངས། 31 

རྩ་ཏྲེམ་ནི་དྭངས་མ་རང་གནས་སུ་མ་སྨིན་པར་ཆུ་སེར་རྒྱས་ནས་རྩ་མིག་གི་གནས་སུ་འདུས་ཤིང་མཆེད་པ་ལས་བྱུང་བའི་ནད་ཅིག་རེད།

རྒྱུ་རྐྱེན།

རླན་ཆེ་བའི་ཡུལ་དུ་བསྡད་དྲགས་པ་དང་། ལྕི་སྣུམ་འཇུ་དཀའ་བའི་ཁ་ཟས་ཟོས་དྲགས་པ། ཡང་ན་ལངས་ནས་ཡུན་རིང་བའམ་ཡན་ན་བཙོགས་ནས་འདུག་ཡུན་རིང་དྲགས་པ་ལས་རྩ་ཏྲེམ་ནད་སྐྱེད་པར་བྱེད་དོ།།

ནད་རྟགས།

ལུས་རྟགས།

ཁྲག་ཤས་ཆེ་བ། དཔྱིའི་རྟ་ཟུར་གྱི་ཤ་ཆད་པ་ལྟ་བུའི་ན་ཟུག་ལངས་པ།

ལུས་ཀྱི་བཀྲག་མདངས་ཉམས་པ། གློ་སྙིང་མི་བདེ་བ། རྩ་སྦོས་ཤིང་སྲ་ལ་ན་བ།

རྩ་རྟགས།

རྩ་རྒྱུད་འབུར་ལ་འདྲིལ་བ།

ཆུ་རྟགས།

ཆུ་དམར་ལ་སྐ་བ།

ལྕེ་རྟགས།

ལྕེ་སྐྱ་ལ་རྩུབ་པ།

གཞོགས་འདེགས་བརྟག་དཔྱད།

ཁྲག་པྲ་ལས་ཁྲག་ཤེད་དམའ་བ་དང་། ནད་གཞི་ཚབས་ཆེ་སྐབས་ཁྲག་ལེབ་ཆུང་བ་ཇེ་མཐོ་ཡིན་པ། ཁྲག་པྲ་ལས་རླུང་རླན་འདྲ་བའི་རྐྱེན་ཆ་RFཉིད་ཀྱི་གདགས་གཤིས་མངོན་པ།

ཚོན་ལྡན་སྒྲ་བརྒལ་གྱི་ཞིབ་བཤེར་བྱེད་ཐབས་ལས་འཕར་རྩའི་སྡོང་བོའམ་སྡོད་རྩའི་ཁོག་དོག་པོ་དང་། རྩ་མིག་ཁ་ཟུམ་ཞིང་རྒྱུ་ལམ་ཁེགས་པོར་གྱུར་ཡོད་པ་མཐོང་ཐུབ།

འཁྲུལ་སོ་བསལ་བ།

ལུས་ཀྱི་བཀྲག་མདངས་ཉམས་ཤིང་དཔྱིའི་རྟ་ཟུར་གྱི་ཤ་ཆད་སྙམ་བྱེད་ཅིང་རྩ་རྣམས་སྦོས་ཤིང་སྲ་ལ་ན་བས་ངེས་ཀྱང་། ནད་འགྱུར་གཙོ་བོ་རྩ་ལ་བྱུང་བས་རྩ་དཀར་དང་ནོར་ཉེན་ཆེ་སྟེ་ཁ་མིག་སོགས་ཡོན་པོར་འགྲོ་བ་དང་ཡན་ལག་གི་བརྐྱང་བསྐུམ་ཉམས་པའམ་སྦྲིད་དེ་ཚོར་བ་ཉམས་པས་མི་ནོར་རོ།།

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X