//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ནད་གཞི་བརྟག་བཅོས། > ཚིགས་ནད། > གྲང་གྲུམ། > ནང་དོན།

གྲང་གྲུམ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ཤ་བོ་གཡང་འབུམ། དུས་ཚོད། 2015-02-09 10:03:36 ཀློག་གྲངས། 48 

གྲང་གྲུམ་ནི་ལུས་ཁམས་འཁྱགས་པ་དང་ཕོ་བའི་མེ་དྲོད་ཉམས་པ་སོགས་ཀྱིས་དྭངས་མ་རང་གནས་སུ་མ་སྨིན་པར་ཆུ་སེར་རྒྱས་ནས་ཆུ་རྒྱུས་དང་ཚིགས་ལ་ཞེན་ཏེ་སོར་ཚིགས་སོགས་ཚིགས་ཆེ་ཆུང་རྣམས་ལ་ནད་འགྱུར་བྱུང་ནས་མཐར་རུས་ཚིགས་ཀྱི་དབྱིབས་འགྱུར་བ་དང་། ཡུན་རིང་སྨན་བཅོས་བྱེད་དགོས་པའི་ནད་ཅིག་རེད།

རྒྱུ་རྐྱེན།

གྲང་ངད་ཆེ་བའི་ཡུལ་དུ་ཡུན་རིང་བསྡད་པ་དང་། ས་ཆ་རླན་གཤེར་ཆེ་བ་དང་ཆུ་གྲང་མོའི་ནང་ཡུན་རིང་ཞུགས་པ་དང་བསྡད་དྲགས་པ། ལུས་ཁམས་འཁྱགས་པ། ཡང་ན་ཟས་སྐོམ་འཇུ་དཀའ་བ་དང་། མ་གོམས་པ། མི་འཕྲོད་པའི་རིགས་བསྟེན་པ་སོགས་ཀྱིས་བསླངས་པ་རེད།

ནད་རྟགས།

ལུས་རྟགས།

ཐོག་མར་ནད་ཕོག་སྐབས་སྒྱིད་སྦྲིད་ཤེད་ཤུགས་ཉམས་ལ་ཟས་ཀྱི་དང་ག་ཞན་པ།ཤ་ཏྲེམ་དང་ཆུ་རྒྱུས་ཁག་ལ་ན་ཟུག་གཏོང་བ། འགུལ་སྐྱོད་མི་བདེ་ལ་རིམ་བཞིན་སོར་ཚིགས་སོགས་རུས་ཚིགས་ཆུང་གྲས་ཁག་ཆེར་སྐྲངས་ཤིང་མཐའ་འཁོར་གྱི་པགས་པར་ཚ་ཤར་རྒྱག་པ། དམར་སྐྲངས་ཆགས་པ། འགུལ་སྐྱོད་བྱེད་སྐབས་ན་ཟུག་གཏོང་བ་དང་མཐར་རྐང་ལག་གི་རུས་ཚིགས་གཞན་དག་ལ་ཁྱབ་ཅིང་ནད་འགུལ་བྱུང་བར་རུས་གཞི་སོབ་ནས་ངོ་བོ་འགྱུར་བའམ་འཁྱོག་སྦོས་ཆགས་པ། ཤ་ཏྲེམ་ཉམས་རྒུད་དང་ཆུ་རྒྱུས་རེངས་ཁུམས་སུ་ཆགས་ཏེ་འགུལ་སྐྱོད་དང་བརྐྱང་བསྐུམ་མི་ནུས་པར་མལ་སར་ལྷུང་པ། ལུས་སྟོབས་ཉམས་པ། ཟུངས་ཁྲག་ཟད་པ་སོགས་ཀྱི་མངོན་ཚུལ་ཡོད།

རྩ་རྟགས།

རྩ་ཞན་བྱིང་གུད་བུད་ལྷོད་པ་བཅས་གང་རུང་འཕར་བ།

ཆུ་རྟགས།  

ཆུ་གྲང་ཤས་ཆེ་ལ་མདོག་སྔོ་བ། རླངས་པ་ཆུང་བ། མེ་ཏོག་ཆེ་བ།

ལྕེ་རྟགས།

ལྕེ་དམར་ལ་འཇམ་པའམ་རྩུབ་པ།

གཞོགས་འདེགས་བརྟག་དཔྱད།

ཁྲག་པྲ་ལས་ཁྲག་དམའ་བ་དང་། ནད་གཞི་ཚབས་ཆེ་སྐབས་ཁྲག་ལེབ་ཆུང་བ་ཇེ་མཐོ་ཡིན་པ།

འཁྲུལ་སོ་བསལ་བ།

ཚ་གྲུམ་ནི་གྲུ་ཚིགས་དང་དཔུང་ཚིགས་སོགས་རུས་ཚིགས་ཆེ་གྲས་རིགས་ལ་དམར་སྐྲངས་ཆགས་ནས་ན་ཟུག་དྲག་པོ་གཏོང་ལ་སྤྱིར་བཏང་རུས་ཚིགས་ཀྱི་ངོ་བོ་འགྱུར་བའི་རྟགས་མེད་དེ། གྲང་གྲུམ་རུས་ཚིགས་ཆུང་གྲས་རེ་གཉིས་ལ་རེས་མོས་དང་ཡང་ན་ཆ་སྒྲིག་པའི་ན་ཟུག་གཏོང་བ། རིམ་བཞིན་རྐང་ལག་གི་རུས་ཚིགས་ཆེ་བའི་རིགས་ལ་ཁྱབ་པ་དང་རུས་གཞི་སོབ་ནས་ངོ་བོ་འགྱུར་བའམ་འཁྱོག་སྦོས་ཆགས་པ་ལས་ངེས་སོ།། ཡན་ལག་རེངས་འཁུམས་ཆགས་ཏེ་འགུལ་སྐྱོད་དང་བརྐྱང་བསྐུམ་མི་ནུས་པས་རྩ་དཀར་ནད་དང་ནོར་ཉེན་ཆེ་ཡང་། རྩ་དཀར་ནད་ནི་གཙོ་བོ་ཁ་མིག་ཡོ་བ་དང་རྐང་ལག་སྦྲིད་ཅིང་ཚོར་བ་ཉམས་པ། ཡན་ལག་བརྐྱང་བསྐུམ་ཉམས་པའམ་ཞ་བ་བཅས་རྩ་དཀར་ལ་ནད་འགྱུར་བྱུང་བ་དང་མི་ནོར། གྲང་གྲུམ་གྱི་ནད་རྟགས་གཙོ་བོ་རུས་ཚིགས་དང་ཆུ་རྒྱུས་ལ་ནད་འགྱུར་བྱུང་བའོ།།

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X