//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ནད་གཞི་བརྟག་བཅོས། > པགས་ནད། > སྲིན་ཐོར། > ནང་དོན།

སྲིན་ཐོར།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ཤ་བོ་གཡང་འབུམ། དུས་ཚོད། 2015-02-09 9:52:24 ཀློག་གྲངས། 37 

སྲིན་ཐོར་ནི་ལུས་ཀྱི་ལྷན་སྐྱེས་སུ་ཡོད་པའི་སྲིན་བུ་ཕྲ་མོ་འཁྲུགས་པའམ་ཆུ་སེར་ལྡང་ཚད་ལས་འཕེལ་བ། ཐོར་བའི་རྩེ་དཀར་པོ་བཙིར་ན་རྣག་ཆོ་ལེ་འབྱུང་བའི་པགས་ནད་རིགས་ཤིག་གི་མིང་།

རྒྱུ་རྐྱེན།

ཟས་སྤྱོད་མ་འཚམ་པར་ལུས་ཀྱི་སྲིན་བུ་ཕྲ་མོ་འཁྲུགས་པས་བ་སྤུའི་བུ་ག་འགགས་པ་ལས་བྱུང་བ།

ནད་རྟགས།

ལུས་རྟགས།

གནས་གང་དུ་བྱུང་ཡང་ཐོག་མར་རྨ་དམར་པོ་སྐྲངས་པ། དེ་ནས་རིམ་བཞིན་འབུར་དུ་དོད་ནས་རྨ་རྩེ་དཀར་པོར་གྱུར་པ།

བཙིར་ན་རྣག་ཆོ་ལེ་འབྱུང་བ། ལུས་ལ་ཚ་རྒྱས་པ་དང་གནས་

དེར་ན་ཟུག་ཆེ་བ།

རྩ་རྟགས།

རྩ་འཁྱིག་ཅིང་འདར་བར་འཕར།

ཆུ་རྟགས།

ཆུ་མདོག་སྔོ་སྨུག་ངོ་བོ་དྭངས། ཀུ་ཡ་མེད།

ལྕེ་རྟགས།

ལྕེ་མདོག་སྔོ་སྨུག ངོ་བོ་དྭངས།

གཞོགས་འདེགས་བརྟག་དཔྱད།

ཁྲག་པྲར་བརྟག་པ། དྲི་ཆུའི་རྫས་འགྱུར་ལ་བརྟག་པ། མཆིན་ནུས་དང་མཁལ་ནུས་སོགས་ལ་བརྟག་པ།

འཁྲུལ་སོ་བསལ་བ།

སྐྲངས་པ་འབུར་དུ་དོད་ནས་རྨ་རྩེ་དཀར་པོར་གྱུར་པ། བཙིར་ན་རྣག་ཆོ་ལེ་འབྱུང་བས་མི་ནོར་རོ།།

བཅོས་ཐབས།

གསོ་ཚུལ།

སྲིན་འཇོམས་པ་དང་ཆུ་སེར་སྐེམ་པ། དྲི་མའི་རྒྱུ་ལམ་འབྱངས་པའོ།།

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X