//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ནད་གཞི་བརྟག་བཅོས། > པགས་ནད། > ཤུ་བ། > ནང་དོན།

ཤུ་བ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ཤ་བོ་གཡང་འབུམ། དུས་ཚོད། 2015-02-09 9:43:08 ཀློག་གྲངས། 24 

ཤུ་བ་ནི་པགས་པའི་ཐོག་ནས་ཆུ་སེར་ཅན་གྱི་འབྲུམ་ཐོར་དོན་ནས་རྣག་དང་ཆུ་སེར་མང་དུ་ཟགས་ཤིང་ཟ་འཕྲུག་ཆེ་ལ།

ཆུ་སེར་གྱི་རྒྱུན་དང་བསྟུན་ནས་རྣག་ཆུ་གནས་གཞན་དུ་འགོས་ཁྱབ་བྱེད་ཅིང་མཆེད་སྐྱེན་པའི་པགས་ནད་ཅིག་གོ།

རྒྱུ་རྐྱེན།

ཚ་བ་རྒྱས་པ་དང་པགས་ནད་འགོས་ཕོག་བྱུང་བ་ལས་ཆུ་སེར་པགས་ལ་མཆེད་པས་བསྐྱེད།

ནད་རྟགས།

ལུས་རྟགས།

ཤུ་བ་ནི་མགོ་དང་ཡན་ལག གནས་ངེས་མེད་ཀྱི་པགས་པའི་སྟེང་དུ་ཐོག་མར་ཆུ་བུར་ཅན་གྱི་འབྲུམ་ཐོར་དོན་པ་དང་ཟ་འཕྲུག་ལྡང་བ། འཕྲུག་ན་རྣག་ཆུ་འཛག་པ། ཆུ་སེར་གང་ཕོག་སར་ཤུ་བ་ཐོན་པ།

ཐོར་བུ་ཕྲ་མོ་ཀུན་ཏུ་ཁྱབ་ཀྱང་རྒྱས་པ་དང་། མདོག་རྩྭ་དུར་བ་དང་འདྲ་བར་ལྗང་བ་དང་། པགས་པ་ཟར་མའི་མེ་ཏོག་དང་འདྲ་བར་སྔོ་བ་དང་གཡའ་བ་ལ་སོགས་པའི་མཚན་ཉིད་ཅན་ནོ།།

རྩ་རྟགས།

རྩ་འདར་ལ་རྒྱུ་བ་དཀའ།

ཆུ་རྟགས།

ཆུ་དམར་སེར་རླངས་པ་ཆེ་བ། ཀུ་ཡ་མཐུག་པ།

ལྕེ་རྟགས།

ལྕེ་སྐྱ་སེར་དྲེག་པ་མཐུག་པ།

གཞོགས་འདེགས་བརྟག་དཔྱད།

ཁྲག་པྲར་བརྟག་པ། དྲི་ཆུའི་རྫས་འགྱུར་ལ་བརྟག་པ། མཆིན་ནུས་དང་མཁལ་ནུས་སོགས་ལ་བརྟག་པ། K+Na+Cl+སོགས་ལའང་བརྟག་དགོས།

འཁྲུལ་སོ་བསལ་བ།

ཤུ་བ་ནི་ཆུ་སེར་གྱི་རྒྱུན་དང་བསྟུན་ནས་རྨ་མཆེད་སྐྱེན་པ་ལས་ཤེས་ཀྱང་ཟ་འཕྲུག་ལངས་ནས་འབྲུམ་ཆུང་དོན་ཞིང་གཡའ་བ་སོགས་གླང་ཤུ་དང་འདྲ་ཡང་། གླང་ཤུ་ནི་པགས་པར་གླང་གཉའ་དང་འདྲ་བར་མཐུག་ཅིང་རྩུབ་པོ་ཆགས་པ་དང་། འཕྲུག་ན་རྨ་སྐོགས་དཀར་པོ་བུད་ནས་འོག་གི་པགས་མདོག་དམར་སྨུག་ཆགས་ཏེ་ཁྲག་དོན་པ། ཤུ་བ་ནི་ཆུ་བུར་ཅན་གྱི་འབྲུམ་ཐོར་དོན་པ་དང་རྣག་ཆུ་འཛག་པས་མི་ནོར། ཟ་རྐོང་ནི་རྨ་པགས་ལས་དམའ་བའམ་རྐོང་བུ་ཆགས་པས་མི་ནོར་རོ།།

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X