//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ནད་གཞི་བརྟག་བཅོས། > པགས་ནད། > ཤ་བཀྲ། > ནང་དོན།

ཤ་བཀྲ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ཤ་བོ་གཡང་འབུམ། དུས་ཚོད། 2015-02-09 8:35:39 ཀློག་གྲངས། 73 

ཤ་བཀྲ་ནི་སྲིན་དང་ཆུ་སེར་པགས་ལ་འགྲམས་ནས་གནས་དེར་རྒྱས་པས་ཤ་རོ་མངོན་པར་བཀྲ་བའི་པགས་ནད་གདུག་པ་ཅན་གྱི་མིང་སྟེ་ཤ་ཁྲ་ཡང་ཟེར།

རྒྱུ་རྐྱེན།

ཟས་སྤྱོད་མི་མཐུན་པ་དང་། འདུ་བ་འཁྲུགས་པ། སྲིན་དང་ཆུ་སེར་འཕེལ་བ་སོགས་ཀྱིས་བསྐྱེད།

ནད་རྟགས།

ལུས་རྟགས།

བྱང་ཁོག་དང་ཡན་ལག་གི་གནས་ངེས་མེད་དུ་ཐོག་མར་དཀར་རྩི་འཐོར་བ་ལྟ་བུའི་དཀར་ཐིག་སྒོར་དབྱིབས་ཅན་དོན་པ། རེག་ན་འཇམ་ཞིང་སྲབ་པ། མདོག་ནི་ཀུ་བའི་མེ་ཏོག་ལྟར་དཀར་ལ་དམར་བ། རིམ་གྱིས་ལུས་བྱིངས་ལ་མཆེད་པ་དང་། ཤུགས་ཀྱིས་ངལ་རྩོལ་བྱས་པ་དང་། བལ་དང་སྤུའི་རིགས་ཀྱི་ཉལ་གོས་དང་ཐུག་པའི་སྐབས་སུ་བཟོད་མི་ཐུབ་པའི་ཟ་འཕྲུག་ལངས་ནས་སྐྱི་སྐོགས་དཀར་པོ་བུད་པ་དང་ཐོར་སིབ་དོན་པ།

དེ་ལ་ཡང་ནང་ཚན་རླུང་གྱུར་ལ་པགས་པ་སྨུག་ནག་རྩུབ་པ། མཁྲིས་གྱུར་ལ་བ་སྤུ་བྱི་ཞིང་དམར་ལ་ཚ་འབྲབ་བྱེད་པ། བད་གྱུར་ལ་གཡའ་ཞིང་སྐྱ་ལ་མཐུག་པ།

རྩ་རྟགས།

རྩ་ཕྲ་བ་འདར་བ།

ཆུ་རྟགས།

ཆུ་དམར་སེར་ངོ་བོ་དྭངས་པ། རླངས་ཆུང་། ཀུ་ཡ་སྲབ།

ལྕེ་རྟགས།

ལྕེ་དམར་སྐྱ་འཇམ།

གཞོགས་འདེགས་བརྟག་དཔྱད།

ཁྲག་པྲར་བརྟག་པ། དྲི་ཆུའི་རྫས་འགྱུར་ལ་བརྟག་པ། མཆིན་ནུས་དང་མཁལ་ནུས་སོགས་ལ་བརྟག་པ། སྙིང་པར་དང་Xགློག་འོད་ལ་བརྟག་པ།འཁྲུལ་སོ་བསལ་བ།མེས་འཚིག་རྨ་དང་ཕྱི་རོལ་བརྡབས་སྐྱོན་ལས་བྱུང་བའི་པགས་མདོག་ཁྲ་བོ་གཉིས་འཁྲུལ་སོ་ཆེ་ཡང་། ཤ་བཀྲ་ནི་མིག་གིས་བལྟས་པ་ཙམ་གྱིས་ལྤགས་སྟེང་གི་ནད་ཅན་དང་ནད་མེད་ཀྱི་མཚམས་གསལ་ལ་དཀར་སྨུག་སོགས་མངོན་པར་བཀྲ་བ། ལྷག་པར་སོས་ཀ་དང་སྟོན་ཀ་ཚ་བ་ཆེ་བའི་སྐབས་སུ་ཇེ་སྡུག་ཏུ་འགྲོ་བ་ཡིན། མེས་འཚིག་རྨ་ནི་པགས་མདོག་ཀོ་ལེར་དམར་པོར་འགྱུར་བ་དང་གང་འཚིག་པའི་གནས་དེར་སྐམ་པོ་ཆགས་པ། ཚ་འབྲབ་བྱེད་པ་སོགས་འོང་ལ། བརྡབས་སྐྱོན་བྱུང་བའི་རྨ་ལ་ཁྲག་འཛག་པའམ་ན་ཟུག་ལྡང་བ། མཇུག་ཏུ་རྨ་ཁ་སྔོ་ནག་གམ་སྨུག་ནག་ཏུ་འགྱུར་ལ་ཚབས་ཆེ་ན་སྐྲངས་པ་རྒྱ་ཆེར་འོང་བ་སོགས་འབྱུང་ངོ་།།

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X