//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་སྦྱོར། > རིན་པོ་ཆེའི་སྦྱོར་བ། > སྐྱ་རྦབ་འོར་དམུ་ཆུ་སོགས་ཀྱི་སྨན་སྦྱོར། > ནང་དོན།

རིན་ཆེན་ཚ་སྦྱོར།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ཤ་བོ་གཡང་འབུམ། དུས་ཚོད། 2015-02-05 15:35:17 ཀློག་གྲངས། 74 

སྦྱོར་སྡེ གསེར། དངུལ། ཟངས། ལྕགས། སྦྲང་གཤོག་ཙམ་དུ་བརྡུངས་ལ་དུམ་བུར་གཏུབས། ཞིག་དཀའི་གོང་བུར་བླུག་སྟེང་དངུལ་ཆུ་བླུག ། དེ་སྟེང་ཚ་ལ། མུ་ཟི་བླུག་པར་བྱ། དེ་ཡི་ཁ་རུ་ལྕི་ཐལ་དམ་པར་བསྡིག ། དེ་སྟེང་འདག་པས་ཁ་བཅད་སོལ་མེས་བསྲེག ། ཐལ་བ་མུ་ཟི། གུ་གུལ། སོ་མ་ར། ཤུ་དག ཙི་ཏྲ་ཀ ཚ་བ་གསུམ། རེ་སྐོན། སེང་ལྡེང་། འགྲོན་ཐལ། ཞིབ་པར་བཏགས།། དངུལ་ཆུ་ཞོ་ཕྱེད་སྟར་བུ་གཅིག་གིས་བཤིག །ཨ་རུ་ཆང་སྦངས་ཁུ་བ་བ་ཆུ་གཉིས། ། ཁཎྜར་བཙོས་ལ་གོང་མ་རྣམས་དང་སྦྱར།

སྦྱར་ཐབསརིལ་བུ་སྲན་མ་ཙམ་དྲིལ་ཐོ་རངས་དུས།། ལྔ་བདུན་དགུ་བསྐྱེད་ཆང་གིས་འཕུལ་ལ་བཏང༌།

ཕན་ནུསདྲེག་དང་གྲུམ་བུ་འབྲས་དང་སུར་ཡ་མཛེ། རྩ་ནད་རྩ་སྐྲན་དམུ་འོར་གྲང་རྣག་སྐེམ།  

སྦྱོར་ཁུངསདཔལ་ལྡན་རྒྱུད་བཞི་ལས་བཏུས།

X