//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་སྦྱོར། > ཐལ་སྨན་གྱི་སྦྱོར་བ། > སྐྱ་རྦབ་འོར་དམུ་ཆུ་སོགས་ཀྱི་སྨན་སྦྱོར། > ནང་དོན།

ཐལ་སྨན་རྣོན་པོ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ཤ་བོ་གཡང་འབུམ། དུས་ཚོད། 2015-02-05 10:21:09 ཀློག་གྲངས། 9 

སྦྱོར་སྡེསྒྲོན་ཤིང། དུར་བྱིད། དནྡ་འབྲས་བུ། གསུམ། །པ་ཏྲ། ས་རྫི་ཀ ཡ་བཀྵ། རྒྱ་ཚྭ། ཁ་རུ་ཚྭ། ཙབས་རུ་ཚྭ། ཤིང་ཚྭ། ཐལ་ཚྭ། པི་པི་ལིང་མཱུ་ལ། ཙི་ཏྲ་ཀ ཚ་བ་རྣམ་པ་གསུམ། རྒོད་གཡག་རྭ་ཕྱེ། སྔོ་ཡི་ཚ་བ་གསུམ། ཤུ་དག ཤིང་ཀུན། འཇམ་པོའི་སྟེང་དུ་བསྣན། །

སྦྱར་ཐབསགཅན་གཟན་ཤ་རུས་ཁུ་བ་ཆང་གིས་སྦྲུ། །ཀུན་ཀྱང་གར་སླ་གཟུགས་བཏུབ་འཕང་ལོ་བྱ། །མ་སྤྱད་རྫར་བླུག་ཁ་བཅད་མཚམས་མནན་ལ། །འདག་པ་བྱུག་ལ་བྱེ་མས་བར་མཚམས་བཅད། །བོང་མེས་འཚོས་པར་བསྲེགས་པའི་ཐལ་བ་དེ། ། གྲང་ནས་ཞིབ་བཏགས་ཕྱེ་མ་རིལ་བུ་རུང༌། །བུ་རམ་ཀ་ར་སྦྲང་གི་རྟ་ལ་བསྐྱོན། །

ཕན་ནུསམ་ཞུ་འཇུ་ཞིང་ཕོ་བའི་མེ་དྲོད་སྐྱེད། །ལྷེན་དང་སྐྲན་བཤིག་བད་ཀན་ལྕགས་དྲེག་འགོགས། །སྐྱ་རྦབ་འཇིལ་ཞིང་འོར་དང་དམུ་ཆུ་སྐེམ། །མན་ངག་གྲོགས་ཀྱིས་བསྒྱུར་བས་ནད་ཀུན་འཇོམས། །

སྦྱོར་ཁུངསདཔལ་ལྡན་རྒྱུད་བཞི་ལས་བཏུས།

གོང་ངོས། ཐལ་སྨན་བར་མ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X